ཝང་ཡུས་ཡན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དུ་སོང་ནས་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། ཝང་ཡུས་ཡན་གྱིས་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བདེ་བླག་ངང་ཁོངས་སྒྲིལ་དོ་དམ་བརྒྱུད་སྤྲོད་བྱས་པ་དང་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་སྤེལ་བ། བྱ་བའི་སྤྱི་ཡོངས་ལ་འགན་སྲུང་བྱེད་པ། རང་སྟེང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་ཐད་ནས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། ལས་ཁུངས་ཀྱི་སྒྲིག་ལུགས་ཐོན་ཁུངས་ནི་ཆབ་སྲིད་ཀྱི་ཐོན་ཁུངས་གལ་ཆེན་དང་སྲིད་འཛིན་གྱི་ཐོན་ཁུངས་གལ་ཆེན་ཡིན་པས། ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་པ། ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྒྲིག་གཞི་དང་རྐྱེན་སྲོལ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།