ཡུལ་ཤུལ་གྲོང་ཁྱེར་གྱིས་རྩྭ་ཐང་དུ་སྐོར་སྐྱོད་བྱེད་པའི“ཐོག་མའི་བསམ་འདུན་སློབ་ཁང”བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་གཤིས་སློབ་གསོ་དང་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། སྲིད་གཙང་རིག་གནས། གནས་བབ་སྲིད་ཇུས་སོགས་ཀྱི་ནང་དོན་དང་དམ་པོར་སྦྲེལ་ཏེ། ཟུར་མང་ལ་གཏིང་ཟབ་པ། ཁྱབ་ཁོངས་ཆེ་བའི་ལངས་གཟུགས་རྣམ་པའི“ཐོག་མའི་བསམ་འདུན་སློབ་ཁང”ཞེས་པ་ཤུགས་ཆེན་པོས་བཙུགས།

སློབ་སྦྱོང་གི་ཁྲོད་དུ། ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་གཤིས་སློབ་གསོའི་ལྗོངས་རྣམ་ཟློས་གར་གསར་དུ་བསྒྲིགས་ཤིང་། ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག  སྡེ་དོན་ལྟ་སྐུལ། ནག་འཇོམས་ངན་སེལ་སོགས་རྒྱུ་རྐྱེན་མང་པོ་ཞིག་དང་འདྲེས་ནས། སྔ་གཞུག་ཏུ་ཞང་དང་གྲོང་རྡལ8དུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་དང་། ཁེབས་ཚད་ཕལ་ཆེར་མི་གྲངས4000ལྷག་འདུག རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་རྨང་གཞིའི་འཛུགས་སྐྲུན་རྗེས་ལུས་ཡིན་པའི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་དེ། བརྗོད་དོན་འགྲེམས་པང9ཡི་རྣམ་པས་གྲུབ་པའི་གནས་སྤར་ཆོག་པའི་བོད་ཡིག་གི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་འགྲེམས་སྟོན་ཁང་བཟོས་ནས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་སློབ་གསོ་རོང་འབྲོག་མང་ཚོགས་ཀྱི་ཏང་ཡོན་གྱི་སེམས་ནང་དུ་ཟུག་ཏུ་བཅུག

མི་སེར་སྒྲོག་འགྲེལ་ཚོགས་པའི“མང་ཚོགས་དང་ཉེ་བར་བཅར་བ་དང་སྔར་བས་བློ་ཁ་དང་མཐུན་པ”ཡི་དགེ་མཚན་གང་ལེགས་ཀྱིས་འདོན་སྤྲོད་བྱས་ནས།  མི་སེར་གྱི་སྐད་ཆས་མི་སེར་གྱི་དོན་དག་བཤད་པ་དང་ཁྱིམ་ཚང་མང་པོའི་དོན་དག་བཤད་པ་རྒྱུན་འཁྱོངས་དང་། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ནང་དོན་དང་དམ་དུ་སྦྲེལ་ཏེ། བོད་ཡིག་གི་ཏང་ཡོན་སློབ་སྦྱོང་ལག་དེབ5000ལྷག་བསྒྲིགས་ནས་བྱིན་ལ། གྲོང་ཁྱེར་ཡོངས་ཀྱི་ཞང་དང་གྲོང་རྡལ8ནས་སྐོར་སྐྱོད་སྒྲོག་འགྲེལ་བྱས། ཝང་དབྱི་ཡུན་རོལ་དབྱངས་ལས་སྟེགས་དང“ཏང་འཛུགས་ཀྱི་ཡུལ་ཤུལ་གསར་པ”ཡི་ལག་ཁྱེར་ཁ་པར་གྱིAPPལ་བརྟེན་ནས། བརྗོད་དོན་སློབ་གསོའི་ཆེད་དོན“འགྱུར་མེད་ཀྱི་ཡིད་ཆེས”ཞེས་པ་སྒྲ་རུ་བླངས་ནས་སྤེལ། དེ་དང་ཆབས་ཅིག  སྐོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཡུལ་དངོས་སུ་དེར་ཡོད་ལས་བྱེད་མང་ཚོགས་ཀྱི་དོགས་གནད་བསལ་རོགས་བྱས་པ་དང་།རོང་འབྲོག་པའི་ཏང་ཡོན་གྱི་བསམ་འཆར་སྡུད་ལེན་བྱས། སྐོར་སྐྱོད་བྱས་པའི་བརྒྱུད་རིམ་ཁྲོད་དུ། བསམ་འཆར་དང་གྲོས་གཞི་བསྡོམས་པས800ཙམ་སྡུད་ལེན་བྱས་ཤིང་། ཡུལ་དངོས་སུ་གནད་དོན་སྣ་ཚོགས200ལྷག་ཐག་གིས་བཅད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།