གཅན་ཚ་རྫོང་གིས་ཞིང་འབྲེལ་མ་དངུལ་ཧྲག་སྡེབ་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་དབུལ་སྐྱོར་བྱེད་པའི་ནང་རྐྱེན་སྔར་ལས་འཐུས་ཚང་དང་། དབུལ་ཐར་འགག་སྒྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། ད་ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ནས། རིགས་སོ་སོའི་ཞིང་འབྲེལ་མ་དངུལ་སྒོར་ཁྲི31263.17ཧྲག་སྡེབ་བྱས་ཤིང་། མ་དངུལ་གཅིག་གྱུར་གྱིས་ཧྲག་སྡེབ་བཀོལ་སྤྱོད་བྱེད་པའི་ནང་རྐྱེན་བཙུགས་ཏེ།དབུལ་སྐྱོར་མ་དངུལ་དངོས་གནས་དབུལ་ཐར་འགག་སྒྲོག་ཐད་བཀོལ་བ་རེད།

ད་ལོའི་ཚུན་དུ། གཅན་ཚ་རྫོང་གིས་ཞིང་འབྲེལ་མ་དངུལ་ཧྲག་སྡེབ་དང་། བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ། མ་དངུལ་གཅིག་གྱུར་གྱིས་ཧྲག་སྡེབ་དང་བཀོལ་སྤྱོད་བྱེད་པའི་ནང་རྐྱེན་བཙུགས་ནས། ཞིང་འབྲེལ་མ་དངུལ་བཀོལ་སྤྱོད་བྱེད་ཐབས་ཚད་ལྡན་ཅན་དུ་བཏང་སྟེ། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བཀོད་སྒྲིག་སྔར་ལས་ལེགས་པོ་བྱས་ཡོད། ཞིང་འབྲེལ་མ་དངུལ་ཧྲག་སྡེབ་བེད་སྤྱོད་དང་།དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ལ་གནས་སྤོ་བཀོད་སྒྲིག་ས་ཁུལ་དང་། དབུལ་སྐྱོར་ཐོན་ལས་ར་བ། ཞིང་སར་ཆུ་འདྲེན་པ། ཐན་འགོག་སོགས་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དབུལ་ཕོངས་མིན་པའི་སྡེ་བའི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་དང་། དྲ་སྦྲེལ+གནད་ཁེལ་དབུལ་སྐྱོར། ལས་རིགས་གསར་པའི་ཞིང་པ་གསོ་སྦྱོང་། ཉ་རིགས་གསོ་བའི་ཐོན་ལས་སོགས་འཕེལ་རྒྱས་ལས་གཞི་ལ་དམིགས་པ་དང་། དབུལ་སྐྱོར་མ་དངུལ་དབུལ་ཐར་འགག་སྒྲོལ་ཐད་བཀོལ་ནས།དབུལ་ཕོངས་མི་འབོར་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།