ནང་ཆེན་གྱིས“བསམ་པའི་དབུལ་ཐར”ལ་བརྟེན་ནས་དབུལ་ཕོངས་དུད་ཁྱིམ་གྱི“ཞྭ་མོ་ཕུད་པར”སྣེ་ཁྲིད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང“བཤའ་འགོག་ཉུང་འཚོང”དང“བདེ་ཐང་དབུལ་སྐྱོར”གྱི་ཚོད་ལྟའི་ས་ཁུལ་ལ་གཏན་འཁེལ་བྱས་པའི་ཚུན་དུ། 《མཚོ་སྔོན་ཞིང་ཆེན་གྱི“བསམ་པའི་དབུལ་ཐར”གྱི་ཚོད་ལྟ་བྱ་བའི་ཇུས་གཞི》ལྟར། “མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། བཤའ་འགོག་ཉུང་འཚོང་དང་བདེ་ཐང་དབུལ་སྐྱོར”གྱི་འབུར་ཐོན་གནད་དོན་ཆེན་པོ་གསུམ་ལ་དམིགས་ཏེ། དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར། ནུས་སྐྱོར། སྤྱོད་སྐྱོར་བཅས་ཟུང་འབྲེལ་བྱས་ཤིང་། གང་ནུས་ཅི་ཐུབ་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་བྱེད་པའི་བརྩོན་སེམས་བསླངས་པ་དང་། ནང་ཆེན་གྱི་ཁྱད་ཆོས་ལྡན་པའི“བསམ་པའི་དབུལ་ཐར”གྱི་བྱ་བའི་ཉམས་མྱོང་ཧུར་ཐག་འབད་ཐག་གིས་འཚོལ་ཞིབ་བྱས།

སློབ་གསོ་དང་ཚན་རྩལ། འཕྲོད་བསྟེན་བཅས་ནི་འགག་གཏོར་ས་བྱས་ཏེ། བདེ་ཐང་གི་དབུལ་ཐར་སྲིད་ཇུས་ཧུར་ཐག་འབད་ཐག་གིས་དངོས་འབེབས་བྱས་པ་དང་། བདེ་ཐང་སློབ་གསོར་ཤུགས་བསྣན་ཏེ། མང་ཚོགས་ཀྱི་བདེ་ཐང་ཤེས་བྱའི་ཤེས་ཚད་མི་མཐོ་བ་དང་། བདེ་ཐང་གི་འཚོ་བ་དང་སྤྱོད་ལམ་ལ་ད་དུང་གོམས་མེད་པ་དང་། ནད་ཡོད་ན་སྨན་བཅོས་མི་བྱེད་པ་བཅས་ཀྱི་གནད་དོན་ཐག་བཅད། གཞི་རྩའི་སྨན་བཅོས་འགན་སྲུང+ནད་ལྕི་མོ་ཉེན་སེལ་བྱེད་པ+སྲིད་གཞུང་གིས་སྐྱོབ་རོགས་བྱེད་པ+ཚོང་ལས་ཀྱི་བདེ་ཐང་ཁ་གསབ་སྨན་བཅོས་ཉེན་སེལ་བྱེད་པ་བཅས“གཞི་གཅིག་ཅན”གྱི་བདེ་ཐང་ཉེན་སེལ་གྱི་དབུལ་སྐྱོར་དཔེ་དབྱིབས་བཙུགས་ཏེ། ནུས་ཤུགས་གང་ཡོད་ཀྱིས་ནད་ལྕི་མོ་ཕོག་པའི་དབུལ་ཕོངས་ནད་པའི་མ་མཐའི་འགན་སྲུང་བྱ་བ་ལེགས་སྒྲུབ་བྱས་ལ། དབུལ་ཕོངས་མང་ཚོགས་ཀྱི་རང་སྤྲོད་བསྡུར་ཚད་འབད་པ་ཆེན་པོས་མར་ཕབ་ནས། རང་སྤྲོད་བསྡུར་ཚད10﹪ལས་མི་བརྒལ་བར་ཁག་ཐེག་ནན་ཏན་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱིས“ནད་སྟོན་ཐུབ་པར”བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ནང་ཆེན་གྱི་སྲིད་འཛིན་སྡེ་བ69ལ་ཁེབས་པའི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་འཛུགས་ཚད་ཇེ་མགྱོགས་སུ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།