ཀྲུང་གུང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས12ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི《ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཀྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་འོས་མི་མོས་མཐུན་སྐོར་གྱི་མཆན་ལན》སྒྲོག་འདོན་བྱས་པ་དང་འབྲེལ། ཞིང་ཆེན་ཏང་ཨུའི“གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཐུན་མོང་ཐོག་ཀྲུང་གུང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་བཀལ་བ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས། ཏང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་གསལ་སྟོན་བྱ་རྒྱུ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ཡིན་ཞེས་བསྟན་པ་རེད།

ས་གནས་ཁག་གི་ཚོང་ཚོགས་དང་། ལས་རིགས་མཐུན་ཚོགས། ཞིང་ཆེན་གཞོན་ནུ་ཁེ་ལས་མཁས་ཅན་ཚོང་ཚོགས་བཅས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ120ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།