མཱ་ཅི་ཞའོ་ཡིས་མཚོ་སྔོན་ཧྥུའུ་དབྱིན་སྡེ་ཚོགས་དང་མཚོ་སྔོན་དབྱི་ཏུང་ཀུང་ཟི་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་སྔོན་ཧྥུའུ་དབྱིན་སྡེ་ཚོགས་དང་མཚོ་སྔོན་དབྱི་ཏུང་ཀུང་ཟི་གཉིས་སུ་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁེ་ལས་ཀྱི་བཟོ་ཚོགས་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བའི་ལམ་ལུགས་དང་བཅོས་སྐྱོང་རྣམ་པར་གསར་གཏོད་བྱས་ཏེ། ཧུར་ཐག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཟོ་ཚོགས་ཀྱི་བྱ་བའི་ལག་ལེན་དངོས་སུ་བསྒྱུར་དགོས་ཟེར།

མཱ་ཅི་ཞའོ་སྔ་གཞུག་ཏུ་མཚོ་སྔོན་ཧྥུའུ་དབྱིན་སྡེ་ཚོགས་ལས་བཟོ་བའི་བྱ་འགུལ་ཁང་དང་མཚོ་སྔོན་དབྱི་ཏུང་ཀུང་ཟིའི་མཐོ་སྒང་གཞི་གྲངས་ཆེན་པོའི་ལྟེ་གནས། Gལྔའི་མྱོང་ཚོར་ཚོམས་ཆེན་བཅས་སུ་སོང་ནས། ཁེ་ལས་འཕེལ་རྒྱས་དང་བཟོ་ཚོགས་བྱ་བའི་གནས་ཚུལ་གྱི་ངོ་སྤྲོད་ལ་ཉན། ཁོས་བསྟན་དོན། དམངས་གཉེར་ཁེ་ལས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། གསར་གཏོད་ནུས་པ་དང་སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། དབྱི་ཏུང་ཀུང་ཟིས་དབྱི་ཏུང་མཉམ་འབྲེལ་དང་གཞི་གྲངས་ཆེན་པོ། མི་བཟོས་རིག་ནུས་སོགས་དེང་རབས་དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས། བློ་གྲོས་ལྡན་པའི་བཟོ་ཚོགས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། སློབ་སྦྱོང་བྱེད་པར་དོ་སྣང་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། ལས་བཟོ་བའི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སློབ་སྦྱོང་ཅན་དང་ཤེས་བྱ་ཅན། ལག་རྩལ་ཅན་གྱི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་མ་ཟད། ལས་བཟོ་བའི་དཔེ་ཀློག་ཁང་བེད་སྤྱད་དེ། ལས་བཟོ་བས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། རྩ་འཛུགས་འཛུགས་སྐྲུན་བཟང་བོ་བྱེད་པ་དང་། ཏང་འཛུགས་སྐྲུན་གྱིས་མང་ཚོགས་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལས་བཟོ་བར་འཕེལ་རྒྱས་ཀྱི་སྟེགས་བུ་བཟང་བོ་བསྐྲུན་པ་དང་། ལས་བཟོ་བའི་ཐོན་སྐྱེད་འཚོ་བར་སེམས་ཁུར་བྱེད་པ། མཉམ་དུ་ཁེ་ལས་ཀྱི་མང་ཚོགས་ཚོགས་པའི་བྱ་བ་སྤེལ་བ་དང་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།