རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཕན་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱེད་པ་གཙིག་འཛིན་བྱས་ཏེ། གནད་དོན་ལ་དམིགས་ནས་དཀའ་གནད་ཁྱད་སེལ་བྱས་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་མངོན་གསལ་གྱིས་ལེགས་བཅོས་ཐོབ།

མིག་སྔར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་ལྟ་ཞིབ་ཚད་ལེན་ཉིན་གྲངས་ཉིན་ཉིས་བརྒྱ་དང་གོ་གཅིག་ཡིན་ལ། ལེགས་ཤོས་ཉིན་གྲངས་ཉིན་ཉིས་བརྒྱ་དང་གྱ་བཞི།  རོང་བོ་གྲོང་བརྡལ་གྱི་ཁོར་ཡུག་དང་མཁའ་དབུགས་སྤུས་ཚད་ཀྱི་ལེགས་ཤོས་ཉིན་གྲངས་ཀྱི་སྡུར་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་དྲུག་ལ་སླེབས་པ་དང་། སྔ་གཞུག་ཀུན་ཏུ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་གནས་ཡོད།

རོང་བོ་དགུ་ཆུ་དང་། རྩེ་ཆུ་ཕྱུག་མོའི་སྐྱེ་ཁམས་སླར་གསོའི་ལས་གཞི་གལ་ཆེན་དང་།  ལོ་རྒྱུས་ཐོག་ལུས་པའི་བེད་མེད་གཏེར་རི་དང་བྱེ་རྡོ་ར་བའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་གཞི་ལག་བསྟར་སྐུལ་འདེད་བཏང་བར་ངེས་པ་དོན་གྱིས་གྲུབ་འབྲས་བླངས།

ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་བཅུ་གཅིག་དངོས་འབེབས་བྱས་པ་དང་། སྡོམ་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་འབུམ་དགུ་ཁྲི་དྲུག་བཏང་། རྒྱལ་ཁབ་ཀྱིས་སྐུལ་འདེད་གཏོང་བའི་རི་ཆུ་ནགས་ཞིང་མཚེའུ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱ་བའི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་ཡོང་ཆེད། རྒྱལ་ཁབ་ཀྱི་སྐོར་ཁག་གསུམ་གྱི་རི་ཆུ་ནགས་ཞིང་དང་མཚེའུ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་ཚོད་ལྟ་ཁུལ་གྱི་རེ་ཞུའི་ལས་ཀའི་མགོ་བརྩམས་པ་དང་། རྣམ་གྲངས་ཆེ་བ་བཅུ་དང་རྣམ་གྲངས་ཆུང་གྲས་བརྒྱ་དང་གསུམ་བཅས་ཚང་མ་ཚོད་ལྟའི་རྣམ་གྲངས་ནང་བསྡུ་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།