མཚོ་སྔོན་གྱི“འབྲི་གཡག”ཐོན་ལས་པེ་ཅིང་དུ་ཁྱབ་གདལ་བཏང་ནས་ཞིང་འབྲོག་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་འབྲི་གཡག་ཐོན་ལས་ལ་དམིགས་ནས་སྤུས་རྟགས་ཅན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཐོན་རྫས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་བཏོད་དེ། གསོ་ཚགས་གསོ་སྤེལ་དང་། སྤུས་ཚད་ལྟ་འདོམས། སྤུས་རྟགས་ཚོང་གཉེར། སྤུས་རྟགས་དོ་དམ་སོགས་ལ་འབད་བརྩོན་བྱས་ནས། འབྲི་གཡག་ཐོན་ལས་འཛམ་གླིང་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

གོང་དེ་སྐད་ཆ་དེ་ནི་མཚོ་སྔོན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་ཉེ་ཆར་པེ་ཅིང་དུ་གཉེར་བའི་མཚོ་སྔོན་འབྲི་གཡག་སྤྱི་སྤྱོད་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་པ་ཞིག་རེད།

“མཐོ་སྒང་གི་གྲུ་གཟིངས”ཞེས་སུ་གྲགས་པའི་འབྲི་གཡག་གི་ལུས་པོ་ཡོངས་ནོར་བུ་ཡིན་པ་དང་། མིག་སྔར་འབྲི་གཡག་ཐོན་ལས་མཚོ་སྔོན་གྱི་སྣེ་འདྲེན་ཐོན་ལས་སུ་གྱུར་ཡོད།

“མཚོ་སྔོན་འབྲི་གཡག་གི་སྤྱི་སྤྱོད་སྤུས་རྟགས་འཕེལ་རྒྱས་ཤུགས་ཆེན་དང་འཛུགས་སྐྱོང་བྱས་ནས་རྒྱལ་ཁབ་རིམ་པའི་སྤུས་རྟགས་ཆེན་པོ་ཞིག་གཏོད་དེ་རྒྱལ་ཡོངས་དང་གོ་ལ་ཧྲིལ་པོའི་འགྲན་རྩོད་ནང་ཕྱོགས་ཡོངས་ནས་ཞུགས་རྒྱུ་ནི་འཕེལ་རྒྱས་ཀྱི་དུས་བབ་གསར་པར་བསྟུན་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པ་ཞིག་ཡིན་པ་མ་ཟད། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཝང་ཡུས་ཧུའུ་ཡིས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མཚོ་སྔོན་འབྲི་གཡག་གི་སྤྱི་སྤྱོད་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དེས་མཚོ་སྔོན་གྱི་འབྲི་གཡག་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་མཚོ་སྔོན་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་ས་གནས་དེ་གའི་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལའང་འདེགས་སྐྱོར་ཐུབ་ནས་ནུས་པ་གལ་ཆེན་ལྡན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།