མཚོ་སྔོན་གྱིས་ཀྲུང་ལུགས་སྨན་རྗས་ཀྱི་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་བྱས་པ།

res10_attpic_brief.jpg

ལྟ་སྐོར་དང་བསམ་འཆར་རྗེས་རེས་བྱེད་བཞིན་པ།

res13_attpic_brief.jpg

སློབ་ཁྲིད་ལ་ཉན་བཞིན་པ།

res16_attpic_brief.jpg

ཡུལ་དངོས་སུ་སློབ་ཁྲིད་བྱེད་བཞིན་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་དང་། ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བྱེད་པ། མཐའ་མཚམས་ས་ཁུལ་གྱི་དབུལ་ཐར་ཕྱུགས་འགྱུར་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་ཆེད། ཟླ11ཚེས24ནས་ཟླ་12ཚེས2ཉིན་བར་མཚོ་སྔོན་ཞིང་ཆེན་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྤེལ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཁེ་ལས་དང་། མཉམ་ལས་ཁང་། ལག་རྩལ་ཁྱབ་གདལ་སྒྲིག་གཞི་སོགས་ཀྱི་མི50ལྷག་གསོ་སྦྱོང་ནང་ཞུགས།

  ཐེངས་འདིའི་གསོ་སྦྱོང་ནང་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་ཀྱི་སྦྱོང་བ་གཉིས་ཟུང་འབྲེལ་གྱི་གསོ་སྦྱོང་བྱེད་སྟངས་བཀོད་སྒྲིག་བྱས་ཡོད་པ་རེད། ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་དང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་། ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་མཐུན་ཚོགས་བཅས་ཀྱི་ལས་རིགས་ནང་ཁུལ་གྱི་ཆེད་མཁས་གྲགས་ཅན་མང་པོ་གདན་དྲངས་ནས་ཀྲུང་ལུགས་སྨན་རྒྱུ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ད་ལྟའི་གོ་སྐབས་དང་། སྣ་ཁ་གདམ་གསེས། འདེབས་གསོའི་ལག་རྩལ། ནད་དང་འབུའི་གནོད་འཚེ་འགོག་བཅོས། སྤུས་ཚད་མཐོར་འདེགས་སོགས་ཀྱི་ཐད་གོ་བདེ་བའི་ངང་འགྲེལ་བཤད་སྟངས་ཟབ་མོ་བྱས་པ་རེད།

སློབ་མ་ཚོས་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་པ་དང་། བགྲོ་གླེང་བྱེད་པ་སོགས་སློབ་སྦྱོང་གི་འབྲས་བུ་མི་དམན་པ་བླངས་ཡོད་པ་མ་ཟད། ཁོ་ཚོས་རྗེས་ཕྱོགས་ཀྱི་ཐོན་སྐྱེད་ནང་ཤེས་བྱ་འདི་དག་བེད་སྤྱོད་བྱས་ནས་ཐོན་སྐྱེད་ཀྱི་འཕར་སྣོན་ལ་འབད་པ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།