ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆེད་དོན་འཆད་ཁྲིད་ཏང་གི་སློབ་གྲྭ་རུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་ཟུར་ཁྲིད་སྙན་ཞུ་ཕུལ།

ཚོགས་ཐོག་ཏུ། ཡུས་ཚོང་ལི་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་ཆ་ཚང་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་གཏན་ཁེལ་གྱི་ཕྱོགས་བཅོ་ལྔའི་ཐད་ཀྱི་ནང་དོན་དང་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་གི་གཞི་རྩའི་རྒྱུ་རྐྱེན་དྲུག་གཙོ་གནད་དུ་བཟུང་ནས་འགྲེལ་ཀློག་བྱས་ལ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་གསལ་བཤད་གཏིང་ཟབ་བྱས་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་མཚན་ཉིད་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བྱས་པ་མ་ཟད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་སྤྱི་ཁོག་རང་བཞིན་ནན་སྟོན་བྱས་པ་དང་། ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་སྐབས་དམ་འཛིན་བྱེད་དགོས་པའི་གཙོ་གནད་གསུམ་གསལ་བོར་བཏོན།

ཡུས་ཚོང་ལིས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱེད་པ། ལམ་ལུགས་ལག་བསྟར་བྱེད་པའི་ཐད་ཀྱི་མིག་དཔེ་བྱས་ནས། ཞིང་ཆེན་གོང་འོག་ཡོངས་ཀྱིས་རང་རྟོགས་སྒོས་ལམ་ལུགས་ལ་བརྩི་འཇོག་བྱེད་པ་དང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། མཐའ་གཅིག་ཏུ་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། འཇོན་ནུས་སྣ་བརྒྱད་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ། ལྷག་པར་དུ་ཆབ་སྲིད་ཀྱི་འཇོན་ནུས་ཇེ་དྲག་ཏུ་གཏོང་རྒྱུ་དེ་གོ་གནས་དང་པོར་འཇོག་པ། འཐབ་ཇུས་བསམ་བློ་དང་ལོ་རྒྱུས་ཀྱི་བསམ་བློ། རྩོད་སྒྲུབ་ཀྱི་བསམ་བློ། གསར་གཏོད་ཀྱི་བསམ་བློ། ཁྲིམས་སྐྱོང་བསམ་བློ། ཚད་མཐའི་བསམ་བློའི་ནུས་པ་མཐོར་འདེགས་བཏང་སྟེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།