2020ལོའི་ལོ་གསར་སྐབས་ཀྱི་མེ་འཁོར་འཛིན་བྱང་ཚེས12ཉིན་ནས་ཕྱིར་བཙོང་བྱེད་འགོ་འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ཧྲིལ་བོའི་ནང་གི་ལོ་གསར་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་འཛིན་བྱང་ཉོ་རྒྱུ་ནི་མི་མང་པོ་ཞིག་གིས་ལོ་རེ་བཞིན་དོ་ཁུར་ཆེན་པོ་བྱེད་པའི་གླེང་གཞི་ཞིག་ཡིན་པ་དང་། མི་རྣམས་ཀྱིས་ལོ་གཅིག་ལ་ཕྱི་རོལ་ཏུ་ལས་ཀ་ལས་ནས་ཁྱིམ་མི་དང་མཉམ་འཛོམས་བྱེད་པར་ཕྱིར་ཕ་ཡུལ་དུ་ལོག་པའི་དུས་སྐབས་སུ་སླེབས་པ་རེད། དེ་ན2020ལོའི་ལོ་གསར་འགྲུལ་སྐྱེལ་མེ་འཁོར་འཛིན་བྱང་ག་དུས་ནས་བཟུང་ཕྱིར་འཚོང་བྱེད་རྒྱུ་ཡིན་ནམ་ཞེ་ན། ཉེ་ཆར་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་པ་ལྟར་ན། 2020ལོའི་ལོ་གསར་འགྲུལ་སྐྱེལ་གྱི་མེ་འཁོར་འཛིན་བྱང་ཟླ་འདིའི་ཚེས12ཉིན་ནས་ཕྱིར་འཚོང་བྱེད་འགོ་རྩོམ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལྕགས་ལམ་ལོ་གསར་འགྲུལ་སྐྱེལ་དུས་ཡུན་ཉིན40ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་ནི་ལོ་གསར་དུས་ཆེན་སྔོན་གྱི་ཉིན15དང་ལོ་གསར་དུས་ཆེན་རྗེས་ཀྱི་ཉིན་25་བར་ཡིན། དེ་ལོའི་ལོ་གསར་གྱི་ཚེས་གཅིག་ཉིན་ནི་སྤྱི་ལོའི་ཟླ1པོའི་ཚེས25ལ་འཁེལ་ཡོད་པ་རེད། དེ་བས2020ལོའི་ལོ་གསར་འགྲུལ་སྐྱེལ་གྱི་དུས་ཚོད་ནི2020ལོའི་ཟླ1པོའི་ཚེས10ཉིན་ནས་ཟླ2པའི་ཚེས18ཉིན་བར་ཡིན་ཏེ། ལོ་གསར་འགྲུལ་སྐྱེལ་མེ་འཁོར་འཛིན་བྱང་བཙོང་བའི་དུས་ཚོད་ནི་ལོ་གསར་སྐྱེལ་འདྲེན་གྱི་ཟླ་བ་གཅིག་གི་སྔོན་ཡིན་པ་དང་། དེ་ཡང་ཟླ་འདིའི་ཚེས12ཉིན་ནས་བཟུང2020ལོའི་ལོ་གསར་འགྲུལ་སྐྱེལ་མེ་འཁོར་འཛིན་བྱང་ཉོས་ཆོག་པ་རེད།

མཚོ་བོད་ལྕགས་ལམ་ཀུང་སིའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་མཚོ་སྔོན་ཞིང་ཆེན་གྱི་འགྲུལ་པས་དྲ་ཐོག་ནས་མེ་འཁོར་འཛིན་བྱང་ཉོ་བ་དང་། ཁ་པར་རྒྱབ་ནས་འཛིན་བྱང་ཉོ་བ། ལྕགས་ལམ་གྱི་འགྲིལ་སྐྱེལ་ཚབ་ཚོང་ས་གནས། མེ་འཁོར་བབས་ཚུགས་ཀྱི་འཛིན་བྱང་བཙོང་གནས། རང་འགུལ་འཛིན་བྱང་ཉོ་སྒྲུབ་འཕྲུལ་ཆས་བཅས་ཐབས་ལམ་ལྔ་བརྒྱུད་དེ་ལོ་གསར་སྐྱེལ་འདྲེན་གྱི་མེ་འཁོར་འཛིན་བྱང་ཉོས་ཆོག

སློབ་མ་དང་ལས་གཉེར་ཚོགས་པའི་ལོ་གསར་འགྲུལ་སྐྱེལ་གྱི་འཛིན་བྱང་ཉོ་བའི་དགོས་མཁོར་འགན་ལེན་བྱ་ཆེད། མཚོ་བོད་ལྕགས་ལམ་ཀུང་སིས་འཛིན་བྱང་སྔོན་དུ་བཙོང་བའི་དུས་ཚོད་ཕུད། ད་དུང་ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས་དང་ཁ་ཐོར་ལས་མིའི་འཛིན་བྱང་བཙོང་རྒྱུ་སྔོན་ལ་འགན་ལེན་བྱེད་པ་དང་། མེ་འཁོར་བབས་ཚུགས་སུ་འཛིན་བྱང་བཙོང་གནས་ཆེད་བཙུགས་སྒེའུ་ཁུང་བཙུགས་ནས་ཕྱི་ཕྱོགས་སུ་ཡོད་པའི་ལས་ཀ་པར་འཛིན་བྱང་ཉོ་རྒྱུར་སྟབས་བདེ་བསྐྲུན་ཡོད། དེ་དང་ཆབས་ཅིག་སློབ་མའི་མེ་འཁོར་འཛིན་བྱང་ཉོ་བའི་དགོས་མཁོ་སྐོང་ཆེད། སློབ་མ་གཅིག་སྡུད་ཐོག་རླངས་འཁོར་ནང་འདུག་སྐབས་མྱུར་བགྲོད་མེ་འཁོར་གྱི་རྐུབ་སྟེགས་དཀྱུས་མ་དང་རིམ་པ་གཉིས་པའི་མེ་འཁོར་འཛིན་བྱང་ཁག་གཅིག་སློབ་མར་མཁོ་འདོན་བྱེད་པ་དང་དུས་མཚུངས་སུ་དྲ་སྦྲེལ་གྱི་རྒྱུན་མཐུད་ནུས་པ་གང་ལེགས་སྤྱད་དེ་སློབ་མས་ཕྱིར་ལོག་འཛིན་བྱང་དང་སྦྲེལ་མཐུད་འཛིན་བྱང་ཉོ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།