མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གདམ་མངག་བྱས་པའི་ཁུལ་དང་རྫོང་དུ་བསྐྱོད་པའི་སྐོར་ཁག་དང་པོའི་རོགས་སྐྱོར་ལས་བྱེད་པ་བཅུ་དང་བཞུགས་མོལ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཚོས་མཚོ་སྔོན་དུ་བྱ་བ་སྒྲུབ་པར་ཡོང་བའི་ཚུན་གྱི་མྱོང་ཚོར་དང་བྱ་བའི་གནས་ཚུལ་ཐད་ནས་བརྗེ་རེས་བྱས་པ་དང་། འབྲེལ་ཡོད་ཀྱི་བསམ་འཆར་བཏོན། མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་ཐོབ་པའི་རང་སྐྱོང་ཁུལ་དྲུག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཆབ་སྲིད་རང་བཞིན་ཆེན་པོ་ལྡན་པའིབྱ་བ་ཞིག་ཡིན་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཟམ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྔོན་ཐོན་གྱི་བསམ་བློའ་འདུ་ཤེས་དང་བྱ་བའི་བྱེད་ཐབས་ལ་བརྟེན་ནས། རིག་ནུས་ཀྱི་སྟེང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་མཛུབ་ཁྲིད་དང་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ། ལས་སྒོའི་རྐང་འཛིན་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་སྐྱེད་སྲིང་བྱེད་པ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་ཐད་ཀྱི་ཞན་ཁ་གསབ་བྱས་ཏེ། མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆབ་སྲིད་སྟེང་ནས་ཡིད་ཆེས་གང་ལེགས་བྱེད་པ། བྱ་བའི་སྟེང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་སྟེང་སེམས་ཁུར་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ལས་གཉེར་ལས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་པ་དང་སྣང་ཚུལ་བཟང་བོ་བསྐྲུན་དགོས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། བྱ་བའི་མཛུབ་ཁྲིད་ལ་ཤུགས་སྣོན་པ། དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་པ་དང་བྱ་བའི་འབྲེལ་འདྲིས་བྱེད་པ་སོགས་ལམ་ལུགས་རྐྱེན་སྲོལ་བཙུགས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་རྒྱུན་མཐུད་ངང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།