མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས18དང་མི་སྒེར18ལ་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སྤྲད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྔོན་ཐོན་ལ་གཟེངས་བསྟོད་དང་སྲོལ་བཟང་དར་སྤེལ། སྤྱི་ཚོགས་ལས་རིགས་ཁག་བུད་མེད་དང་བྱིས་པའི་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་གིས་ཞུགས་རྒྱུར་སྔར་བས་ཁྲིད་སྟོན་དང་སྐུལ་ལྕག་བྱ་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས《རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་རྒྱུའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་ཉིང་ལག་རུ་ཁག་དང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་གྱོད་གཞི་གལ་ཆེན་ཉིང་ལག་རུ་ཁག་དང་པོ། མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་སྤྱི་ཕན་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་ལས་དོན་ཁང་། མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་རྫས་ཚོད་ལྟའི་བེད་སྤྱོད་ལྟེ་གནས། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་མཆིན་མཁྲུས་གཞང་འབྲུམ་ཕྱི་བཅོས་ཚན་ཁག མཚོ་སྔོན་ཞིང་ཆེན་ཡིག་བསྐུར་ངོ་བཅར་ཅུས་བཅར་འདྲི་སྣེ་ལེན་ཁང་། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་དང་བྱིས་པའི་ལས་དོན་པུའུ། མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གཉེན་སྒྲིག་དང་ཁྱིམ་ཚང་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་། ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་དམངས་ཁྲིམས་ཁང་། ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ལམ་ལུང་ཁུག་གྲོང་རྡལ་ཁ་ཡངས་གྲོང་ཚོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ས་ཚིགས། མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སུའུ་ལུའུ་ཞང་ཤིན་རོང་གྲོང་ཚོའི་ཁེ་དབང་སྲུང་སྐྱོང་དང་ཞབས་ཞུ་ས་ཚིགས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་མི་དམངས་ཁྲིམས་ཁང་བཅས་ལས་ཁུངས18ལ་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་མཚན་སྙན་སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་དང་པོའི་ཀྲུའུ་རེན་གཞོན་པ་ཏང་ཁྲུན་ཡན་དང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཞི་རིམ་རྨང་གཞིའི་ལས་དོན་མཛུབ་ཁྲིད་ཉིང་ལག་རུ་ཁག་གི་ཉིང་ལག་རུ་གཙོ་གཞོན་པ་མཱ་ཧྲེང་ཡུན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མ་ཁྲང་ཅུན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་བྱ་གཞག་སྐུལ་འདེད་ཁྲུའུ་ཡི་ཁོ་ཡོན་ཝང་ལི་ལི། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཐིན་ཅོན། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁེ་དབང་པུའུ་ཡི་ཀྲུའུ་རེན་ཁོ་ཡོན་ཀྲའོ་ཝུན་ཐིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁེ་དབང་པུའུ་ཡི་ཀྲུའུ་རེན་ཁོ་ཡོན་གཞོན་པ་དཔའ་ཀྲོང་ལི། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལུས་གསོའི་ཞབས་ཞུ་ལྟེ་གནས་ཁམས་གསོ་སྦྱོང་བརྡར་པུའུ་ཡི་ཀྲུའུ་རེན་རན་ཅིན་ཧྥུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་མི་དོན་ཁྲུའུ་ཡི་ཀྲུའུ་རེན་ཁོ་ཡོན་གཞོན་པ་ཏུང་ཡེ་ཆིང་། མཚོ་སྔོན་ཡན་ཧུའེ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཀྲུའུ་རེན་ཝང་ཡན་ཧོས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ནད་གཡོག་ལི་ཏེང་ཡོན། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ནན་ཁྲོན་ཤར་ལམ་ཁྲོམ་གཞུང་འཕྲུལ་ཆས་གཉིས་པའི་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅིའམ་སྡོད་དམངས་ཨུ་ལྷན་གྱི་ཀྲུའུ་རེན་ཅི་ཞའོ་ཡན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་སི་ཀྲའེ་ཞང་ལྟེ་བའི་སློབ་གྲྭའི་སློབ་སྐྱོར་དགེ་རྒན(ཟི་ལིང་གྲོང་ཁྱེར་ཅ་ཞའོ་ཀྲོང་སློབ་ཆུང་གི་དགེ་རྒན)ཝང་ཉིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧྲུའུ་ཕིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་འཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་འདྲི་གཅོད་ཁང་གི་ཐིན་ཀྲང་ལྕགས་མོ་བྱམས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ན་གཞོན་ཞིབ་དཔྱོད་ལས་དོན་གྱི་འགན་འཁུར་བ་ཐེན་ཡུས་ཏན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་མཁར་ཤར་ཁུལ་ཁུ་ནུ་ལམ་ཁྲོམ་གཞུང་ཚྭ་མཚེའུ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་སྤྱི་ཁྱབ་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་བའི་ཝེ་ཕིང་ལུའུ་བཅས་བློ་མཐུན18ལ་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སྤྲད་པ་རེད། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།