མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། ཚོགས་ཐོག་ནས་བཅོས་སྒྱུར་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ནས། འབྲེལ་ཡོད་སྲིད་ཇུས་ཀྱི་ཡིག་ཆར་གྲོས་མོལ་བྱས་པ་ལས་གཞན། མ་འོངས་པའི་གནད་འགག་དུས་སྐབས་ཀྱི་ལས་དོན་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་ལས་དོན་ལག་བསྟར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནས་བབ་གསར་བའི་འོག་བཟོས་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ཞིང་། སྲིད་གཞུང་གི་འགན་ནུས་ཚུལ་སྒྱུར་དང་། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་ཉེན་ཚབས་ཀྱི་འདུ་ཤེས་མངོན་གསལ་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་སྟེང་ཤེད་ཤུགས་གང་ཡོད་འདོན་པ། གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། བྱ་བའི་ཚད་གཞི་གཅིག་གྱུར་ཅན་དུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་བྱ་བར་ཤུགས་སྣོན་པ་བཅས་ལ་འབད་མཐར། བཅོས་སྒྱུར་ལས་དོན་སྤེལ་བའི་གོ་རིམ་ཁྲོད་ནས་ཐོད་བརྒལ་འབྱུང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།