མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གིས་མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་དཔལ་འབྱོར་གྱི་དུས་བབ་ལ་ཁ་གཏད་གཅོག་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཞིང་ཆེན་བཟོ་འཕྲིན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》བཀྲམ་པ་དང་འབྲེལ། ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁེ་ལས་འབྲིང་ཆུང་གི་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང་། 《ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》 《ཀྲུང་གུང་མཚོ་སྔོན་ཞིང་ཨུད་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》 《དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་གལ་ཆེན་གྱི་ཡིག་ཆའི་དགོངས་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཁེ་ལས་འབྲིང་ཆུང་གིས་སྲིད་ཇུས་ཡག་པོ་མི་ཤེས་པ་དང་ཐོབ་ཚོར་ཟབ་མོ་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས། ཁེ་ལས་ཀྱིས་སྲིད་ཇུས་བེད་སྤྱོད་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་སྲིད་ཇུས་ཀྱི་ཁེ་ཕན་དེ་འཕེལ་རྒྱས་ཀྱི་ཁེ་ཕན་དུ་གྱུར་ནས་ཁེ་ལས་འབྲིང་ཆུང་གི་གཏོགས་སེམས་དང་། ཐོབ་ཚོར། འཕེལ་རྒྱས་ཀྱི་ཡིད་ཆེས་བཅས་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་དཔལ་འབྱོར་ལ་མཐོང་ཆེན་པོ་བྱས་པ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། གྲུབ་ཆ་ལེགས་སྒྲིག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། སྤྱིའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཟླ་དང་པོ་ནས་དགུ་པའི་བར་གཞི་ཁྱོན་ཡན་གྱི་ཁེ་ལས་6གསར་དུ་འཕར་བ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས826སྐྱེད་སྲིང་བྱས་པ། གཞི་ཁྱོན་ཡན་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་བཟོ་ལས་འཕར་ཐང4.2%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།