ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པའི་མཛེས་རྩལ་ཡིག་གཟུགས་བརྙན་ཕབ་འགྲེམས་སྟོན།

1575634999580481.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12ཚེས6ཉིན་གྱི་སྔ་དྲོ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཡིག་མཁན་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བརྙན་ཕབ་པའི་མཐུན་ཚོགས། མཚོ་སྔོན་མཛེས་རྩལ་ཁང་བཅས་ཀྱིས་གཉེར་འགན་འཁུར་བའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པའི་མཛེས་རྩལ་ཡིག་གཟུགས་བརྙན་ཕབ་འགྲེམས་སྟོན”དེ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རིག་གནས་ལྟེ་གནས་སུ་འཚོགས་འགོ་ཚུགས་པ་རེད།

1575635113537618.jpeg

1575635127180356.jpeg

1575635143483899.jpeg

ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་མཛེས་རྩལ་དང་། ཡིག་གཟུགས། བརྙན་ཕབ་བཅས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞིས་ཅིན་ཕིང་གི་རིག་རྩལ་ལས་དོན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་མཐའ་འཁྱོངས་བགྱིས་ཏེ། སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཀྱི་ཐད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་པ་མངོན་པར་བྱ་རྒྱུ་དེ་རེད། ཐེངས་འདིའི་འགྲེམས་སྟོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྒྱུ་རྩལ་གྲུབ་འབྲས་ཕྱོགས་སྡོམ་གྱིས་འགྲེམས་སྟོན་བྱས་ཡོད་པར་མ་ཟད། མཚོ་སྔོན་སྒྱུ་རྩལ་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་མཚོན་ཡོད་ལ། སྒྱུ་རྩལ་པས་བྱ་སྤྱོད་དངོས་དང་གསར་རྩོམ་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་གཟབ་རྒྱས་ཕུལ་བ་དེ་ཡང་མཚོན་ཡོད་པ་རེད།

1575635164828142.jpeg

1575635187739105.jpeg

1575635207521663.jpeg

ཐེངས་འདིའི་འགྲེམས་སྟོན་བྱས་པའི་བརྩམས་ཆོས125ཡོད་པ་དེས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་པར་མ་ཟད། གསར་རྩོམ་པའི་སྒྱུ་རྩལ་ལག་ལེན་ཁྲོད་ཀྱི་འཚོལ་ཞིབ་དང་བསམ་གཞིག་མངོན་པར་བྱས་ཡོད་སྟབས། སྒྱུ་རྩལ་པ་ཚོའི་དེང་གི་རིག་གནས་ཀྱི་གོ་རྟོགས་ཁྱད་པར་བ་དང་ཐུན་མིན་གྱི་གསར་གཏོད་ངང་གིས་བསྟན་ཡོད། བརྩམས་ཆོས་དེ་དག་གི་བརྗོད་བྱ་གསལ་ཞིང་གཙོ་རྒྱུག་བསམ་བློ་དར་སྤེལ་བཏང་ཡོད་པས། བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན། ལྟད་མོ་རང་བཞིན་ཅུང་ཆེ་བ་དང་། དོན་དངོས་དང་ཉེ་བ། འཚོ་བ་དང་ཉེ་བ། མང་ཚོགས་དང་ཉེ་བར་ཡོད་པས། ཕྱོགས་མི་འདྲ་བ་དང་ཁྱབ་ཁོངས་མི་གཅིག་པ། དུས་རིམ་མི་མཚུངས་པའི་སྒོ་ནས་ལོ་འཁོར70རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་སོ་སོར་འགྱུར་ལྡོག་གཏིང་ཟབ་བྱུང་བ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་རླབས་པོ་ཆེ་བླངས་པ་མངོན་པར་མཚོན་ཡོད་པ་རེད། །

1575635418345577.jpeg

1575635448299831.jpeg

1575635477366649.jpeg

1575635496894758.jpeg

1575635517926526.jpeg

1575635537260810.jpeg

1575635553614792.jpeg

1575635588335154.jpeg

1575635607533864.jpeg

1575635628577969.jpeg

1575635650356641.jpeg

1575635675230884.jpeg

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།