ཟི་ལིང་གྲོང་དབུས་སུ་རྩ་ཁྲིམས་ཤེས་བྱའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་དྲིལ་སྒྲོག་པུའུ་དང་། མཁར་དཀྱིལ་ཆུས་ཨུ་ཡོན་ལྷན་ཚོགས་ཁྲིམས་ལུགས་བཅོས་སྐྱོང་ཨུ་ཡོན་ཁྲིམས་ལུགས་ཁྱབ་གདལ་ཨུ་ཡོན་གྲོས་མཐུན་ཚོགས་ཆུང་དང་། མཁར་དཀྱིལ་ཆུས་ཁྲིམས་འཛིན་ཅུའུ་བཅས་ཀྱིས་མངའ་ཁུལ་གྱི་ལས་ཁུངས48རྩ་འཛུགས་བྱས་ནས། ཁོངས་གཏོགས་ས་ཁུལ་གྱི་ཁྲིམས་རྩོད་པའི་ལས་དོན་ཁང9དང་བཅའ་ཁྲིམས་ཞབས་ཞུ་སུའོ1བཅས་ཀྱི་མི་གྲངས200ལྷག་ཙམ་གྱིས་དཀྱིལ་སྙིང་ཐང་ཆེན་དུ“རྩ་ཁྲིམས་འདུ་ཤེས་དར་སྤེལ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་བྱས་པའི་གཅིག་སྡུད་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་བྱེད་སྒོའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་གཏིང་ཟབ་ཀྱིས་རྩ་ཁྲིམས་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་བཏང་ནས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུར་རྩ་འཛུགས་ཀྱི་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།