ཏང་ཡོན་ཕྱུག་བསྒྱུར་འཇོན་མིས་ཡུལ་ཕྱོགས་གཅིག་གི་མང་ཚོགས་ཕྱུག་ལམ་དུ་ཁྲིད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཏང་ཡོན་ཕྱུག་བསྒྱུར་སྣེ་ཁྲིད་མཁན་གྱི་དཔེ་སྟོན་ནུས་པར་གཙིགས་མཐོང་ཆེན་པོ་བྱས་ཏེ། ཕྱུག་བསྒྱུར་འཇོན་མིའི་ཆ་འཕྲིན་མཛོད་བཙུགས་པ་དང་། རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་ནས་ཕྱུག་བསྒྱུར་གྱི་འབྱོར་འབྲིང་ལམ་དུ་བསྐྱོད་པའི་ཕྱུག་བསྒྱུར་ཕྱུག་ཁྲིད་ཅན་གྱི་ཏང་ཡོན་དཔུང་ཁག་ཅིག་སྟོབས་ཤུགས་ཡོད་རྒུས་སྐྲུན་ཅི་ཐུབ་བྱས་ནས། རོང་འབྲོག་པའི་ཕྱུག་བསྒྱུར་ཡོང་འཕར་ལ་སྐུལ་འདེད་གཏོང་བའི་སྟོབས་གསར་དམག་དཔུང་ཞིག་ཏུ་འགྱུར་བར་བྱས།

རྒྱུས་ལོན་པ་ལྟར་ན། ཕྱུག་བསྒྱུར་འཇོན་མིའི་ཆ་འཕྲིན་མཛོད་བཙུགས་པའི་བྱ་བའི་ཁྲོད་དུ། གུང་ཧོ་རྫོང་གི་ཞང་གྲོང་སོ་སོའི་ཏང་ཨུ་དང་སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཟབ་ནན་གྱི་ཆ་རྐྱེན་ལྟར། བསྡོམས་པས་ཕྱུག་བསྒྱུར་འཇོན་མི202ལེགས་པར་བདམས་ནས་ཆ་འཕྲིན་མཛོད་དུ་བཅུག་ཅིང་། དེའི་ཁྲོད་དུ་ཏང་ཡོན100ཡོད། གནད་ས་གཅིག་གིས་ཁྱོན་ཡོངས་འཁྲིད་པ་དང་གནད་ས་འགག་སྒྲོལ་བྱས་པ་བརྒྱུད་ནས། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ཧུར་བརྩོན་སེམས་ཤུགས་ཕན་ནུས་དང་ལྡན་པར་སྐུལ་སློང་བྱས་པས། ཏང་ཡོན་ཕྱུག་བསྒྱུར་འཇོན་མིའི་དཔེ་སྟོན་སྣེ་འདྲེན་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཏང་ཡོན་ཕྱུག་བསྒྱུར་འཇོན་མིས་སྔོན་ལ་ཕྱུག་པོར་གྱུར་པ་དག་གིས་རྗེས་ནས་ཕྱུག་པོར་འགྱུར་པར་སྐུལ་ཁྲིད་བྱེད་པར་སྐུལ་འདེད་བཏང་ཞིང་།  དབུལ་ཕོངས་ཁྱིམ་ཚང་གི“ཁྲག་བཟོ”བྱེད་ནུས་ཇེ་དྲག་ཏུ་བཏང་ནས། ཏང་ཡོན་གྱི་ལས་སྐྲུན་ཕྱུག་བསྒྱུར་དང་སྣེ་འདྲེན་འཕྲོ་འགྱེད་ཀྱི་ཕན་འབྲས་སྔར་ལས་མཐོར་འདེགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།