མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང7147ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ནས་ཕྱིར་བུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་དམངས་སྲིད་ཐིང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ6པ་ནས་ཟླ10པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ནས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་ཁྱིམ་ཚང7589དང་མི19285གསར་དུ་འཕར་བ་དང་། ཁྱིམ་ཚང7147དང་མི19006ཕྱིར་བུད། ཁྱད་དབུལ་གསོ་སྐྱོང་ཁྱིམ་ཚང710དང་མི797གསར་དུ་འཕར་བ་དང་། ཁྱིམ་ཚང1085དང་མི1167ཕྱིར་བུད། སྐབས་ཐོག་རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང19056དང་མི་ཐེངས63583ཡོད། ཞིང་ཆེན་ཡོངས་སུ“ངོ་སྲུང་འགན་སྲུང”དང“ནོར་འཁྲུལ་འགན་སྲུང”“ཆད་ལུས་འགན་སྲུང”གི་སྣང་ཚུལ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་ཚིམས་སྣང་མངོན་གསལ་གྱིས་ཇེ་མཐོར་སོང་།

“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་དམངས་སྲིད་ཐིང་གིས་དག་ཐེར་གཏིང་ཟབ་བྱེད་པའི་བྱ་བ་མགོ་མཇུག་བར་གསུམ་དུ་སྦྲེལ་ནས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆེད་དམིགས་བཅོས་སྐྱོང་ལ་བསྟུད་མར་སྐུལ་འདེད་བྱས་པའི་རྨང་གཞིའི་སྟེང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆེད་དམིགས་བཅོས་སྐྱོང་ལ་ལྟ་སྐུལ་བྱེད་པའི་བྱ་བ་ཤུགས་ཡོད་རྒུས་སྤེལ། ཆེད་དུ་བྱ་བའི་ཚན་ཆུང4བཙུགས་ཏེ་སོ་སོར་དབུལ་ནག་ས་ཁུལ་གྱི་རྫོང(ཆུས)30རུ་སོང་སྟེ་ཆེད་དམིགས་ལྟ་སྐུལ་བྱས། སྲིད་ཇུས་ཇི་བཞིན་ལག་བསྟར་མ་བྱས་པ་དང་འབྲེལ་ལམ་མཐུད་པ་མི་བཟང་བ། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱས་པ་མི་འདང་བ། གནད་དོན་དག་ཐེར་དངོས་གནས་མ་བྱས་པ་བཅས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་རྩད་གཅོད་བྱས།

བྱ་བའི་ཚན་ཆུང་ཁྱིམ་ཚང་དུ་སོང་སྟེ་ས་ཁུལ་ཁག་བགོས་ཀྱི་དབུལ་ཕོངས་མི་འབོར་དང་མ་མཐའི་འཚོ་བའི་འགན་སྲུང(ཁྱད་དབུལ་སྙོར་སྐྱོང)བྱ་ཡུལ་གྱི་རེ་བ་གསར་དུ་འདོན་མཁན། དབུལ་ཐར་བྱུང་བའི་ཡིག་བྱང་འཛུགས་ཡུལ། དབང་པོ་སྐྱོན་ཅན། རྒན་པ་སོགས་དམིགས་བསལ་མི་ཚོགས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། གཙོ་བོ་ས་ཁུལ་ཁག་བགོས་ནང་ཁུལ་གྱི2018ལོའི་ཚུན་དུ་མ་མཐའི་འཚོ་བ་འགན་སྲུང་ནས་ཕྱིར་བུད་པའི་རྒན་པ་དང་དབང་པོ་སྐྱོན་ཅན། བྱིས་པ་བཅས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་བྱས། བསྡོམས་པས་ཁྱིམ་ཚང་ཁྲི1.26དང་མི་ཁྲི3.79ལ་བསྐྱར་ཞིབ་བྱས། མིག་སྔའི་བར་དུ། རིམ་པ་སོ་སོའི་དམངས་སྲིད་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་གནད་དོན་རྩིས་སྤྲོད་བྱས་པའི་ཁུངས་སྣེ་གཉིས་ཤེས་པ་དང་། དེའི་ནང་གི་གཉིས་གྱོད་དོན་ཐོ་འགོད་བྱས་ཤིང་། ལས་བྱེད་པ1ལ་འགན་འདྲི་བྱས་པ་དང་།ལྷག་མ1པོར་རྩད་གཅོད་བྱེད་བཞིན་པའི་སྒང་རེད།

ཞིང་ཆེན་དམངས་སྲིད་ཐིང་གིས་དུས་ཐོག་ཏུ་ས་ཆ་སོ་སོར་ལྟ་ཞིབ་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་ཁྱབ་སྒྲོག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་དག་ཐེར་བསམ་འཆར30ལྷག་ལྡོག་འདྲེན་བྱས། དག་ཐེར་ལྟ་ཞིབ་བྱས་པ་བརྒྱུད་ནས་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱེད་པ་དང་གནོད་པ་སྐྱེལ་བའི་གནད་དོན་ཞིབ་བཤེར་བྱས་པའི་ཚད100%ལ་སླེབས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།