རྨ་ལྷོའི2019ལོའི་མི་དམངས་འཚོ་བའི་ལས་གཞིའི་རྣམ་གྲངས་འཕེལ་རྒྱས་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་ཀྱིས་ཆེས་དོ་ཁུར་ཆེ་ཤོས་དང་། ཁོ་ཚོར་ཆེས་ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ནས་འགོ་བཙུགས་ཏེ། དམངས་འཚོའི་བྱ་བ་དངོས་ཀྱི་ལས་གཞིའི་རྣམ་གྲངས10གཏན་འཁེལ་བྱས་པའི་སྡེ་ཁུལ་རྙིང་པ་ཕྱོགས་བསྡུས་བཅོས་སྒྲིག་དང་། འཐུང་ཆུའི་བདེ་འཇགས་རིམ་སྤོར་ལས་གཞི་སྲ་བརྟན། ཕྱིར་སྐྱོད་འགྲིམ་འགྲུལ་ལེགས་བཅོས། རིན་མེད་ལུས་ཕུང་བདེ་ཐང་བརྟག་དཔྱད་བཅས་ཀྱི་བྱ་བའི་འཕེལ་རིམ་ལེགས་འགྲུབ་བྱུང་བ་མ་ཟད། “གསང་སྤྱོད་གསར་བརྗེའི”ལོ་གསུམ་གྱི་བྱ་བའི་འཆར་གཞི་དང་། གློག་དྲ་འཛུགས་སྐྲུན། 4Gརྨང་གཞིའི་ས་ཚིགས་འཛུགས་སྐྲུན། དེ་བཞིན་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱང་སྤེལ་འགོ་ཚུགས་པ་རེད།

ཁུལ་དེའི་མི་གྲངས་ཁྲི4.2གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལས་གཞི་ལག་ལེན་དུ་བསྟར་ནས། མང་ཚོགས་ཀྱི“འཐུང་ཆུའི་དཀའ་ངལ”དང་འཐུང་ཆུའི་བདེ་འཇགས་མིན་པའི་གནད་དོན་སྔར་ལས་ལྷག་པའི་སྒོ་ནས་ཐག་གཅོད་བྱས། དེ་མིན་ལོ65ཡན་གྱི་རྒན་རྒོན་དང་དེ་བཞིན་ལོ7མན་གྱི་བྱིས་པ་དང་གཞན་ནད་ཀྱིས་ཡང་བསྐྱར་དབུལ་བོར་གྱུར་བའི་མི་སྣར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་རིན་མེད་ངང་སྨན་བཅོས་བྱས་ཏེ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་བདེ་ཐང་སྟོན་གྲངས་སྔར་བས་མཐོ་རུ་བཏང་། ཁྱོན་མ་དངུལ་སྒོར་དུང་ཕྱུར2.9བཏང་ནས་གློག་དྲ་འཛུགས་སྐྲུན་རྣམ་གྲངས83ལག་བསྟར་བྱས་པས་གློག་མེད་པའི་དུད་ཚང་གི་གློག་སྤྱོད་གནད་དོན་སྔར་བས་ཐག་གཅོད་བྱས་ཤིང། “གྲོང་གསེབ་ཀྱི་གཞུང་ལམ་བཞི”འཛུགས་སྐྲུན་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ400གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཤིང་། ཧུར་ཐག་གིས“ལམ་དཔོན་ལམ་ལུགས”ཁྱབ་གདལ་བཏང་ནས། ཁུལ་ཡོངས་ཀྱི་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཁྱོན་གཞུང་ལམ284ལ་ལམ་དཔོན་བཙུགས་ནས་གཞུང་ལམ་ཁག་གི“ལམ་དཔོན་ལམ་ལུགས”ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་གནད་དོན་རྩ་བ་ནས་ཐག་གཅོད་བྱ་ཆེད། ད་ལོར་རྨ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་མཐོ་རུ་བཏང་སྟེ། ཐུན་རིན་ནས་ཞིན་ཧྭ་དང་། གཅན་ཚ་ནས་ཟི་ལིང་བར་གྱི་མྱུར་བགྲོད་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་ཐིག་ཤར་གཏོང་བྱས་ཤིང། ཤང་གྲོང་གི་འགྲུལ་སྐྱེལ་ས་ཚིགས11གསར་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག10དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག5གསར་དུ་བསྣན་པས། སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ནས་མང་ཚོགས་ཕྱིར་སྐྱོད་ལ་སྔར་བས་སྟབས་བདེ་བསྐྲུན་ཡོད། མིག་སྔར་ཁུལ་ཁོངས་གཏོགས་ཀྱི་རྫོང་བཞི་ཚང་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཞི་གཅིག་ཅན་གྱི་སྤྱི་སྤྱོད་རླངས་འཁོར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།