ཁྲའེ་ཏན་ཆེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཧྲའོ་ཤིན་གྲོང་ཁྱེར་འགྲེམས་སྟེགས་སུ་བཤམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། ཧྲའོ་ཤིན་གྲོང་ཁྱེར་ཁ་གཏད་མཉམ་ལས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཚོགས་འདུ་ཐོག་མ་དེ་ཡའེ་ཁྲིན་ཆུས་ཡའེ་ཝང་གྲོང་ཁྱེར་ཐང་ཆེན་དུ་འཚོགས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲའེ་ཏན་ཆེ་བའི་ལས་རིགས་ཨུ་ལྷན་གྱི་རེན་ཧོ་འཕང་འབྲས་དང་རུང་ཧུ་འཕང་འབྲས་སོགས་ཀྱི་ཞིང་འབྲོག་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང8ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་བྱེད་སྒོར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་ཚོང་ཚོགས་འདུ་དེ་ཧྲའོ་ཤིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཟླ11པའི་ཚེས30ཉིན་ནས་ཟླ12ཚེས22ཉིན་བར་ཧྲའོ་ཤིན་གྲོང་ཁྱེར་གྱི་ཆུས་དང་རྫོང(གྲོང་ཁྱེར)དྲུག་ཏུ་འགྲེམས་ཚོང་བྱ་རྒྱུ་རེད། ཁྲའེ་ཏན་ཆེ་བའི་སྐྱེ་ལྡན་འཕང་འབྲས་དང་། གཏེར་ལེན་ཁའི་སྐམས་ལུག་ཤ ན་གོར་མོའི་གྲོ་སོགས་མཚོ་བོད་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས20ལྷག་ཙམ་ལ་ཧྲའོ་ཤིང་གྲོང་ཁྱེར་གྱི་གྲོང་མིས་དགའ་བསུ་ཐོབ། ཧྲའོ་ཤིན་གྲོང་ཁྱེར་གྱིས་བསྐྲུན་པའི་ལས་སྟེགས་བརྒྱུད་ཁྲའེ་ཏན་གྱི་ཁྱད་ལྡན་ཐོན་རྫས་སྔར་ལས་ཡངས་པའི་གར་སྟེགས་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།