ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སློབ་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སློབ་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་གདན་དྲངས་པ་ལྟར་ཁྲིམས་འཛིན་པུའུ་ཁྲིམས་ལུགས་རྟོག་ཞིབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐེན་ཞིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཇུས་ཆོད་གལ་ཆེན་གོ་རིམ་སྐོར་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་སྲོལ་ཡིག་ཅེས་པ་བརྗོད་གཞིར་བཟུང་ནས་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིག་ཉིང་གིས་བསྟན་དོན། སྲིད་འཛིན་ཇུས་ཆོད་གལ་ཆེན་གྱི་གོ་རིམ་སྔར་ལས་ཚད་ལྡན་ཅན་དུ་གཏོང་རྒྱུ་ནི། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་འབྲེལ་བའི་ཆབ་སྲིད་ཀྱི་འོས་འགན་ཞིག་ཡིན་ལ། སྲིད་གཞུང་གི་ཚན་རིག་དང་དམངས་གཙོ། ཁྲིམས་ལྟར་ཇུས་ཐག་གཅོད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། སྲིད་གཞུང་གིས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རང་འཁྲིའི་འོས་འགན་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། སྲིད་གཞུང་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་མཁོ་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཇུས་ཆོད་ཀྱི་མཇུག་འབྲས་དང་གོ་རིམ་གཉིས་ཀ་དྲང་གཞག་ཚུལ་མཐུན་ཅན་དུ་འགྲོ་དགོས། ས་གནས་དང་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཁྲིམས་ལྟར་སྲིད་འཛིན་པའི་རྣམ་པར་སྐུལ་འདེད་གཏོང་དགོས། གནད་འགག་གི་བླང་བྱར་གོ་བ་མ་ནོར་བ་ལེན་པ་དང་དེ་ཡིད་ལ་དམ་པོར་བཅངས་ནས། ཏང་གི་འགོ་ཁྲིད་ཀྱི་གཞི་རྩའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུ་ལ་དོན་དག་གལ་ཆེན་དགོངས་སྐོར་དང་སྙན་ཞུ་འབུལ་བའི་སྐོར་གྱི་ལག་ལེན་བྱེད་ཐབས་ཞེས་པ་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།

ལིས་ཅེ་ཞང་དང་ཡན་ཅིན་ཧེ། ཁོང་ཡུང་། ཐེན་ཅིན་ཁྲིན། ལིག་ཐའོ་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།