བྱེད་ཐབས་བདུན་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་བྱེད་ཐབས་བདུན་སྤྱད་ནས་བཟོ་སྐྲུན་ལས་རིགས་སྐྱོན་བྲལ་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།

བཟོ་སྐྲུན་ལས་རིགས་སྒྱུར་བཅོས་གཏིང་ཟབ་དང་། “གློད”“སྡོམ”ཟུང་འབྲེལ་མཐའ་འཁྱོངས། གནད་སྨིན་ཞབས་ཞུ་མངོན་གསལ་དོད་པོ་ཡོང་བ། ཞིབ་བཤེར་མཆན་འགོད་ཀྱི་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ། སྤུས་ཚད་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གོང་ཞུ་དང་ཨར་ལས་ཀྱི་ཆོག་འཐུས་འགྲོ་ལུགས་ཟླ་སྒྲིལ་བ་བཅས་བྱས་ནས་ཨར་སྐྲུན་རྣམ་གྲངས་ཀྱི་ཆོག་འཐུས་འགྲོ་ལུགས་གཉེར་བའི“མཐའ་མའི་འགག་གནད”བསལ་བ་རེད། ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འོས་བབ་ཞིབ་བཤེར་མཆན་འགོད་སྟབས་བདེ་རུ་གཏོང་བ། ངལ་དོན་འོས་བབ་མེད་པ་བཟོ་བ། ཞིང་ཆེན་ཡོངས་དང་དེ་བཞིན་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་པས་ཨར་སྐྲུན་ཨར་ལས་ཁེ་ལས་ཀྱི་གྲངས་འབོར་ན་ནིང་ལས་26.24%འཕར་ཡོད།

མིག་སྔའི་བར་ཁེ་ལས་23དང་མི་སྒེར་10མིང་ཐོ་ནག་པོའི་ནང་བཅུག་པ་དང་། ཁེ་ལས་40དང་མི་སྒེར་51རིམ་པ་Aལ་བདམས་པ་རེད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ཟུང་འབྲེལ་གྱིས་ཨར་སྐྲུན་ཁྲོམ་རའི་ཟང་ཟིང་བཅོས་སྒྲིག་བྱས་པ་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ“ལག་འཁྱེར་གཡར་རྒྱུར”རྡུང་རྡེག་བཏང་བས་མི་སྣ་བཅོས་སྒྲིག་བྱེད་ཚད་94.8%ཟིན་པ་དང་། ཨར་སྐྲུན་ཁྲོམ་རའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ་དང་ཨར་སྐྲུན་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་པ་རེད། ལས་གྲྭའི་ཁག་ཐེག་འགན་བཅོལ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། མིག་སྔའི་བར་རིམ་རྩིས་བྱས་ན་ཁག་ཐེག་དངུལ་སྒོར་དུང་ཕྱུར་6.24སྤྲད་པས་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཧ་ཅང་ཆུང་དུ་ཕྱིན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།