མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་ལིག་ཉིང་གིས་ལྟ་སྐུལ་དང་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དྲུག་པ་སླེབས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་དང་། ཞིང་ཆེན་སྲིད་གཞུང་གིས་བསྐོ་བཞག་གནང་བའི་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ53གྱིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་ཅིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་དང་འབྲེལ་ཏེ་གསུང་བཤད་གནང་བ་རེད།

དམ་བཅའ་བཞག་རྗེས། ལིག་ཉིང་གིས་གསུང་དོན། རྩ་ཁྲིམས་དམ་འཇོག་ནི་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མཛད་སྒོ་ཞིག་དང་། རྩ་ཁྲིམས་ཀྱི་དབང་གྲགས་མངོན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། མཛད་སྒོ་དེས་སྔོན་ཐོན་གྱི་རྩ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་དད་མོས་མཚོན་གྱི་ཡོད་པས་ཆབ་སྲིད་དཔལ་ཡོན་གསོན་ཉམས་དོད་པས་མངོན་པར་བྱས་ཡོད། རྣམ་པ་ཚོས་བརྗིད་ཉམས་ལྡན་པའི་མཛད་སྒོའི་མྱོང་ཚོར་དེ་བླ་ན་མེད་པའི་ལས་འགན་སྒྲུབ་སེམས་ལ་བསྒྱུར་ཏེ། སེམས་གཏིང་གི་ངོས་འཛིན་གཅིག་མཐུན་དང་། ལུགས་མཐུན་རྒྱུ་འབྲས་དང་མཐུན་པའི་དམ་བཅའི་འབོད་སྐུལ་དེ་རྩ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ནང་ཞུགས་རྒྱུའི་རེ་བ་ཆེན་པོ་ཡོད། ཏང་གཤིས་སྦྱོང་བརྡར་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་ལ། “འདུ་ཤེས་བཞི”ཇེ་ཟབ་དང་། “ཡིད་ཆེས་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་། ཁས་ལེན་ཏན་ཏིག་སྒྲུབ་པ། ཆབ་སྲིད་ཀྱི་སྒྲིག་ལམ་སྲུང་བ། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་སྲུང་བཅས་བྱས་ཏེ། ཀྲུང་དབྱང་གི་སྲིད་དོན་གལ་ཆེན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པར་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཏན་ཏིག་འཁུར་ནས་བྱས་རྗེས་གསར་པ་ཧུར་ཐག་གིས་མངོན་པར་བགྱིས་ཏེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ། ཧྲིན་ཀྲང་གཞོན་པ་ཁཱོང་ཡུང་། ཝང་ལི་མིན། ཐེན་ཅིན་ཁྲིན། ལིག་ཐའོ་བཅས་མཛད་སྒོར་ཞུགས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།