མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྒྱུན་ཨུ་ལྷན་ཚོགས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་4ཉིན་ཞིང་ཆེན་སྲིད་གཞུང་རྒྱུན་ལས་ལྷན་ཚོགས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་བསྡུས་པ་དང་། ཁྲིམས་འཛིན་པུའུ་ཁྲིམས་ལུགས་བརྟག་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཤིན་གདན་དྲངས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་བྱ་རིམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》ལ་དམིགས་ནས་བརྗོད་དོན་གཙོ་བོའི་སྙན་ཞུ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

འཆད་ཁྲིད་ཁྲོད། ཐེན་ཤིན་གྱིས་མིག་སྔའི་སྤྱི་ཚོགས་ཐོག་གི་གནད་དོན་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》ནང་གཏན་འབེབས་བྱས་པའི་རྒྱབ་ལྗོངས་དང་དོན་སྙིང་དང་། 《སྲོལ་ཡིག》ནང་གཏན་འབེབས་བྱས་པའི་གཞི་རྩའི་བསམ་ཕྱོགས་དང་ལམ་ལུགས་གལ་ཆེན། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་བྱ་རིམ་ལམ་ལུགས་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་ཐད་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པས་རིག་གཞུང་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད།

ལིག་ཉིང་གིས་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་བྱ་རིམ་ཚད་ལྡན་དུ་གཏོང་རྒྱུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ལ། སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་ལ་ཁྲིམས་ལྟར་ཐབས་ཇུས་འགོད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་ཡང་དག་པར་འཁུར་བ། སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལྡོག་མེད་བླང་བྱ་ཞིག་ཀྱང་རེད། ཇུས་ཐག་གཅོད་པར་མཐའ་འབྲས་ལུགས་མཐུན་དགོས་པ་མ་ཟད། གོ་རིམ་དྲང་བདེན་ཡང་དགོས་ཞེས་བསྟན།

ལིས་ཅེ་ཞང་དང་། ཡན་ཅིན་ཧའེ། ཁོང་ཡུང་། ཐེན་ཅིན་ཁྲིན། ལིག་ཐའོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།