མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གསར་དུ་བསྐོ་གཞག་བྱས་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གསར་དུ་བསྐོ་གཞག་བྱས་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས2པ་གཉེར་ཞིང་། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་ནས་ཡོང་བའི་གསར་དུ་བསྐོ་གཞག་བྱས་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ25སྔ་རྗེས་སུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། ཅི་ཉིང་ལས་བྱེད་པའི་ཆབ་སྲིད་ཀུན་སྤྱོད་སློབ་གསོའི་སློབ་གླིང་། ཀྲུང་གོ་མི་དམངས་སློབ་ཆེན་བཅས་སུ་སོང་ནས་སློབ་སྦྱོང་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་ཀྱི་སྲིད་ཇུས་དང་། མཚོ་སྔོན་གསར་པའི་སྙིང་སྟོབས། འགོ་ཁྲིད་དོ་དམ། སྣོད་བཅུད་སྲུང་སྐྱོང་། ཁྲིམས་ལྟར་སྲིད་འཛིན། འཕྲལ་སྡོམ་ཐག་གཅོད། གླེང་ཕྱོགས་དོ་དམ་ཚོད་འཛིན། གནོན་ཤུགས་དོ་དམ། རུའུ་ལུགས་པའི་རིག་གནས། འཛམ་གླིང་གི་གནས་བབ་སོགས་ཀྱི་དཔེ་སྟོན་སློབ་ཁྲིད12གཙོ་གནད་དུ་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་སྦྱོང་གི་བྱེད་པའི་དུས་ཡུན་ནང་། རིགས་པའི་གཞུང་ལུགས་སློབ་གསོ་དང་། ཏང་གཤིས་སློབ་གསོ། ཆེད་ལས་ཤེས་བྱ་བཅས་ཀྱི་ཁ་གསབ་གཏོང་བར་ཤུགས་བསྣན། ཅི་ཉིང་ལས་བྱེད་པའི་ཆབ་སྲིད་ཀུན་སྤྱོད་སློབ་གསོའི་སློབ་གླིང་གིས་ཆུས་ཧྥུའུ་རུའུ་ལུགས་རིག་གནས་ཐོན་ཁུངས་དང་ཅི་ཉིང་ཀུན་སྤྱོད་སློབ་གསོའི་རྟེན་གཞིའི་ནུས་ཤུགས་བེད་སྤྱོད་གང་ལེགས་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་པོ་དང་གསོན་ཉམས་ལྡན་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་སློབ་གསོ་སྤེལ་བ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་སྦྱོང་བརྒྱུད་རིམ་ནང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ་གསོ་སྦྱོང་གི་གཙོ་གནད་དུ་བཞག་ཡོད། གསོ་སྦྱོང་འཛིན་གྲྭས་སྔ་རྗེས་སུ་ཆེད་མཁས་པ་དགེ་རྒན་ཆེན་མོ30གདན་དྲངས་ནས་སློབ་ཁྲིད་བྱེད་སྟངས་དང་། འདྲི་རྩད་བྱེད་སྟངས། སྒྲོམ་ངོས་སྦྱོང་བརྡར། ཁ་ཧྥེ་གླེང་སྟེགས་སོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གྱོད་དཔེ་དབྱེ་ཞིབ་དང་། སྣང་ཚུལ་ལད་ཟློས། ལྟ་སྐོར་ཉམས་ལེན་བཅས་བྱས་པས་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་བཀོད་སྒྲིག་ཚན་རིག་དང་མཐུན་པ་དང་། སློབ་ཁྲིད་བཀོད་སྒྲིག་ཚགས་སུ་ཚུད་པ། གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པས། ཏང་གཤིས་སློབ་གསོ་དང་། སྲིད་གཞུང་ཀུན་སྤྱོད་སློབ་གསོ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་ཀྱི་བག་ཆགས་ཟབ་མོ་ཐོབ་པ་མ་ཟད། ད་དུང་ཆེད་ལས་ཤེས་བྱ་ཁ་གསབ་དང་། མཐོང་རྒྱ་ཇེ་ཆེ། བསམ་བློའི་བློ་སྒོ་ཕྱེ་བ། ཕྱོགས་བསྡུས་བྱང་ཚད་བཅས་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད་པས། འདི་ནི་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ་བསམ་བློ་དང་། ལག་ལེན་གོ་རྟོགས། འཇོན་ཐང་ཆེ་རུ་ཕྱིན་པ་དང་ཤེས་བྱ་དང་ལག་ལེན་ཟུང་འབྲེལ་གྱིས་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་བསྒྲུབ་རྒྱུ་ངོས་འཛིན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།