མ་ཅི་ཞོ་ཡིས་ཡུལ་ཤུལ་ཁུལ་དུ་ཐེངས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞོ་ཡུལ་ཤུལ་གྲོང་ཁྱེར་དང་ནང་ཆེན་རྗོང་ལ་སོང་ནས་ཐེངས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅིངས་པའི་བརྗོད་དོན་སློབ་གསོའི་སྐོར་ནས་མཛུབ་སྟོན་བྱས།

མ་ཅི་ཞོ་ཡིས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ཚོགས་པ་རྩ་འཛུགས་ཀྱིས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་སོགས་ཀྱི་ལག་བསྟར་ལ་ཤུགས་སྣོན་དང་བརྗོད་དོན་གཙོ་བོར་བཟུང་ནས་ཡུལ་ཤུལ་ཁུལ་དང་གྲོང་ཁྱེར་གྱི་མང་ཚོགས་དང་རྩ་འཛུགས་ཀྱི་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས།ཞང་དང་གྲོང་བརྡལ། གཞིས་ཁུལ་དང་ཞིང་ལས་མཉམ་ལས་ཁང་སོགས་སུ་སོང་ནས་གོ་སླ་བའི་སྐད་ཆའི་ལམ་ནས་ཐེངས་དཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་གཞི་རིམ་ལས་བྱེད་པ་དང་ངོ་བཅར་བརྗེ་རེས་དང་བསམ་ཚུལ་ལ་ཉན།

མ་ཅི་ཞོ་ཡིས་ནན་གྱིས་བསྟན་དོན། མང་ཚོགས་དང་ཏང་རྩ་འཛུགས་ཀྱིས་སྐོར་ཐེངས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅིངས་པའི་བརྗོད་དོན་སློབ་གསོ་དང་དམ་དུ་སྦྲེལ་ནས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དང་གཏིང་ཟབ་དུ་སྦྲེལ་ནས་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆར་བརྟེན་ནས་གྲོས་ཚོགས་ཀྱི་དགོངས་དོན་ནོར་འཛོལ་མེད་པ་དང་དོན་དངོས་འཆད་པར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ཀྱིས་སྒྲིག་སྲོལ་ལ་བརྩི་བཀུར་དང་ལག་བསྟར་བྱས་ཏེ་ཏང་གི་གསུངས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།