ལིག་ཉིང་གིས་ཧུའུ་ཀྲུའུ་ནས་གསོ་ཕག་ཐོན་ལས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ནས་གསོ་ཕག་ཐོན་སྐྱེད་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཕྱུགས་ལས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་གཏིང་ཟབ་བྱས་ནས། རྨང་རྐང་བརྟན་པོའི་སྒོ་ནས་གསོ་ཕག་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་པོར་བཟུང་སྟེ། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་བྱ་བར་སྐུལ་འདེད་གཏོང་དགོས་པ་ལས་གཞན། ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཕྱུགས་ལས་ཐོན་རྫས་འདོན་སྤྲོད་ལ་ཆུ་ཚད་མཐོ་བའི་ངང་ནས་འགན་སྲུང་བྱེད་དགོས་ཟེར། 

རྟོག་ཞིབ་དངོས་ཀྱི་ཁྲོད་དུན་ལིག་ཉིང་གིས་ནན་གྱིས་བསྟན་དོན། གསོ་ཕག་ཐོན་སྐྱེད་བརྟན་འཇགས་ཅན་དུ་བཏང་ནས་ཕག་ཤ་འདོན་སྤྲོད་ལ་འགན་སྲུང་བྱེད་རྒྱུ་ནི། ཞིང་གུམས་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་དང་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་སྡེ་ཁག་གིས་ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། ཕག་ཤའི་སྤུས་ཚད་དང་བདེ་འཇགས། རིན་གོང་བརྟན་འཇགས་བཅས་ལ་འགན་ལེན་ཁག་ཐེག་བྱེད་དགོས། མིག་སྔའི་དངོས་ཡོད་གནས་ཚུལ་ནས་གཞི་ཚུགས་པར་བྱེད་པ་དང་ཕུགས་ཀྱི་འཕེལ་རྒྱལས་ལ་ཇུས་འགོད་བྱས་ཏེ། གསོ་སྤེལ་ར་བའི་བཀོད་པ་ཚད་ལྡན་ཅན་མཐའ་འཁྱོངས་ཀྱིས་ཁེ་ལས་གསོ་སྤེལ་བྱེད་པ་དང་། ཞན་ཆ་སེལ་ནས་སྲོག་ཆགས་ཀྱི་རིམས་འགོག་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྲོག་ཆགས་ཀྱི་རིམས་འགོག་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཅན་དུ་གཏོང་བ། ནད་ཡམས་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་འགོག་གི་འགན་འཁྲི་ནན་ཏན་ཅན་དུ་གཏོང་བ་བཅས་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་འབད་དེ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཉེའོ་ཁྲིན་ཡོན་གྱིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།