ལིག་ཉིང་གིས་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་རྩ་འཛིན་ཞེས་པ་དངོས་འབེབས་ནན་མོ་བྱེད་དགོས། མིག་སྔའི་འགྲིམ་འགྲུལ་གྱི་གནས་བབ་དང་གནས་སྟངས་ལ་གོ་བ་ཡང་དག་ལོན་པར་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་གསར་འབྱེད་ཡར་བརྩོན་བྱས་ནས། ཧུར་བརྩོན་ཆེན་པོས་དུས་རབས་གསར་བའི་མཚོ་སྔོན་གྱི་འགྲིམ་འགྲུལ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་སྟོབས་ཤུགས་དང་བྱས་རྗེས་གང་ཡོད་འཇོག་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་དེང་རབས་ཅན་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པའི་སྔོན་སྐྱོད་ཀྱི་ཁྱབ་ཁོངས་ཤིག་ཡིན་པ་དང་།  འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྩ་འཛིན་ཞེས་པ་ནི་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་ལ་ཚན་རིག་གི་ལམ་ནས་ཞིབ་འཇུག་དང་ཇུས་འགོད་བྱེད་དགོས། ནུས་ཤུགས་ཡོད་རྒུས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མཚོ་སྔོན་གྱི་འགྲིམ་འགྲུལ་བྱ་གཞག་ལ་སྤུས་ཚད་འཕོ་འགྱུར་དང་ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་མྱུར་བགྲོད་གཞུང་ལམ་དྲ་རྒྱ། ཁྱབ་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་བཅས་གཙོ་བོར་བྱེད་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་འགྲིམ་འགྲུལ་དྲ་རྒྱའི་མ་ལག་བསྐྲུན་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་ལ་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད། འགྲིམ་འགྲུལ་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།