མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས42ལ་དཔྱ་ཁྲལ་སྒོར་དུང་ཕྱུར2.43ཕྱིར་སློག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ཟླ10པའི་ཚེས31ཉིན་བར། ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས42ཀྱི་གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་གི་དཔྱ་ཁྲལ་ལྷག་མ་སྒོར་དུང་ཕྱུར2.43ཕྱིར་སློག་པ་རེད། ཁེ་ལས་འདི་དག་ནི་ལྕགས་རིགས་མིན་པའི་གཏེར་རྫས་ཐོན་རྫས་ལས་རིགས་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་འབྲེལ་བ་ཡོད་པ་མ་ཟད། ཆ་འཕྲིན་བརྒྱུད་གཏོང་དང་། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། དེ་བཞིན་རིག་གནས་ལུས་རྩལ་རོལ་རྩེད་ལས་རིགས་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་། དེ་མིན་ད་དུང་འཛུགས་སྐྲུན་ལས་རིགས་དང་སྡེབ་ཚོང་སིལ་ཚོང་སོགས་སྲོལ་རྒྱུན་ལས་རིགས་སོགས་ཡང་འབྲེལ་བ་ཡོད།

གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་གི་དཔྱ་ཁྲལ་ལྷག་མ་ཕྱིར་སློག་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་གི་དཔྱ་ཁྲལ་ལྷག་མ་ཕྱིར་སློག་པའི་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱེད་པ་ནི་གནས་ཐང་འཕར་བའི་ཁྲལ་བསྡུ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ད་ལོ་ནས་བཟུང་ཞིང་ཆེན་ནོར་སྲིད་ཐིང་གིས་ཁྲལ་འཕྲི་རིན་གཅོག་གིས་ས་གནས་ནོར་སྲིད་ཀྱི་གཏོང་ཡོང་ལ་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་ཁྱད་བསད་བྱས་ཏེ། དཀའ་གནད་རང་ཁུར་དང་། རང་ལ་གནོན་ཤུགས་སྤྲད་དེ་འཕྲི་གཅོག་མེད་པའི་སྲིད་ཇུས་ཁག་ལ་བརྟེན་ནས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་གྱི་དོན་ཚན་ཁག་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི“འཚོ་བ་ལྷོད་ཡངས་”དང་མི་དམངས་མང་ཚོགས་ཀྱི“འཚོ་བ་སྐྱིད་པོ”ཡོང་བ་ལག་བསྟར་དོན་འཁྱོལ་བྱས་ཡོད། 

    ཟླ10པ་ནས་བཟུང་། ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་དཔྱ་ཁྲལ་ལས་དོན་སོགས་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཁྲལ་འཇལ་མཁན་གྱི་གསར་སྣོན་རིན་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་གི་དཔྱ་ཁྲལ་ལྷག་མ་ཕྱིར་སློག་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་ཁྲལ་འཇལ་མཁན་ལ་འཕྲལ་དུ་ཁྲལ་སློག་ཁེ་སྤོགས་རེག་ཏུ་བཅུག་པ་རེད། དེ་དང་ཆབས་ཅིག་མཉམ་འབྲེལ་གྱིས《གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་གི་དཔྱ་ཁྲལ་ལྷག་མ་ཕྱིར་སློག་ལས་དོན་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་ཁག་གི་ནོར་སྲིད་དཔྱ་ཁྲལ་དང་རྒྱལ་མཛོད་སྡེ་ཁག་གིས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་། ཁྲལ་སློག་འཕེལ་རིམ་ཇེ་མགྱོགས། ཆ་འཕྲིན་མཉམ་སྤྱོད་བརྒྱུད་སྤྲོད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཁྲལ་སློག་“ཁུག་དམར”དུས་ཐོག་ཏུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཁེ་ལས་ཆུང་གྲས་ལ་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་ནས། གནས་ཐང་འཕར་བའི་དཔྱ་ཁྲལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ལག་བསྟར་དང་། དེ་ནས“གསེར་དངུལ་དག་མབླངས་ནས་དཔྱ་ཁྲལ་ལྷག་མ་ཕྱིར་སློག་པའི་སྲིད་ཇུས་དོན་འཁྱོལ་བྱས་པས། རང་ཞིང་གི་ལས་རིགས་ཁག་ཏུ་ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་ལག་བསྟར་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་། མི་རིགས་ཁག་གི་མི་དམངས་ལ་སྲིད་ཇུས་ཀྱི་ཁེ་ཕན་གང་ལེགས་ལོངས་སྤྱོད་བྱེད་ཐུབ་ཏུ་བཅུག་པ་མཐོང་ཐུབ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།