ཡུལ་ཤུལ་གྱིས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”བའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས“ཀྲི་པུའུ་དམ་འཛིན་བྱེད་པ་དང་། ཀྲི་པུའུ་བཀོལ་སྤྱོད་བྱེད་པ། ཀྲི་པུའུ་ཧུར་པོར་གཏོང་བ། ཀྲི་པུའུ་སྟོབས་ལྡན་དུ་བསྒྱུར་བ”ཡི་བྱ་བའི་བྱེད་ཐབས་དང་སློབ་སྦྱོང་སློབ་གསོ། གནད་དོན་ལ་ཞིབ་ལྟ། བརྟག་དཔྱད་ཞིབ་འཇུག དག་ཐེར་དངོས་འབེབས་བྱེད་པ་བཅས་བྱ་བ་བཞི་ཕན་ནུས་ལྡན་པའི་སྒོ་ནས་མཐུད་སྦྲེལ་བྱས་ནས། ཏང་ཀྲི་པུའུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་སྐུལ་འདེད་ནུས་ཤུགས་གཙོ་བོར་བརྩིས་ཏེ། བརྗོད་དོན་སློབ་གསོ་གཞི་རིམ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་ཕན་འབྲས་ཐོབ་པར་སྐུལ་སྤེལ་གང་ལེགས་བྱས།

སློབ་སྦྱོང་སློབ་གསོ་དེ་ཏང་ཀྲི་པུའུ་ཡི“སྤུས་ལེགས་ལས་དོན”གསར་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། “ལས་ཁུངས་ཀྱི་ཀྲི་པུའུ་མནའ་འབྲེལ”ལ་བརྟེན་ནས། མ་ལག་རང་བཞིན་གྱི་ས་ཁུལ་སྡེ་ཚན་དུ་བྱས་ནས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་སློབ་པར་དགའ་བའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའམ“གཞི་རིམ་ལས་བྱེད་པའི་སློབ་གླིང”“རྫོང་གཅིག་ལ་རྟེན་གཞི་གཅིག”བཅས་ཀྱི་གསོ་སྐྱོང་རྟེན་གཞི་ལ་བརྟེན་ནས། གཅིག་བསྡུས་ཀྱིས་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ། ལྟ་སྦྱོང་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས།ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི882རེས་མོས་ཀྱིས་གསོ་སྦྱོང་བྱས།

“འཚམས་འདྲི་དང་ཞིབ་བཤེར། བརྟག་ཞིབ་ཆེན་མོ”ཡི་བྱ་འགུལ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་དཀའ་གནད་གནད་དོན་ཚ་ཤོས་དང་དབུལ་ཐར་འགག་སྒྲོལ། གྲོང་གསེབ་དར་སྤེལ། ནག་འཇོམས་ངན་སེལ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཕྱོགས་སུ་གནས་པའི་གནད་དོན་འབུར་ཐོན་ལ་དམིགས་ནས་ཐག་གཅོད་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་རང་ནུས་ཅི་ལྕོགས་ཀྱིས་ཐག་གཅོད་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་ཀྱི་ཐོབ་སྣང་དང་སྐྱིད་སྣང་། ངོས་ཟིན་ཚད་དངོས་གནས་ཇེ་མཐོར་བཏང་།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ79ས་ཁུལ10ལ་བགོས་ཏེ་ཕན་ཚུན་ལ་རོགས་རམ་བྱེད་པའི་ནང་རྐྱེན་བཙུགས་པ་དང་། རྒྱུན་མཐུད་དེ་རུལ་སུངས་ནུས་མེད་དང་ཁ་ཐོར་དུ་ཡོད་པའི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་ལེགས་བཅོས་བྱེད་མགོ་བརྩམས་པར་མ་ཟད། དཔལ་འབྱོར་རྨང་གཞི་དང་ཁུལ་གནས་ཀྱི་དགེ་མཚན། ཐོན་ཁུངས་ལེགས་ཆ་བཅས་ལ་རྐང་བཙུགས་ནས། རྒྱུན་མཐུད་སྒོས་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་བར་སྐུལ་འདེད་བྱས་ཤིང་། ཁུལ་ཡོངས་ཀྱི་སྡེ་བ80%ཡིས“སྒོང་གཏོར”དམིགས་འབེན་ཡོངས་འགྲུབ་བྱས། སྡེ་བ་རིམ་པའི་སྐབས་བརྗེ“ཕྱིར་བལྟ”ཡི་བྱ་འགུལ་སྤེལ་བ་བརྒྱུད། ཏང་ཡོན་གྱི་འཛུལ་སྒོ་ནན་སྲུང་དང་ཐོན་སྒོ་ཤར་གཏོང་བྱས་ཏེ། ཏང་ཡོན་དཔུང་སྡེ་ཡི་ལྷད་མེད་རང་བཞིན་དང་སྔོན་ཐོན་རང་བཞིན་ཇེ་དྲག་ཏུ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།