མཚོ་སྔོན་ཞིང་ཆེན་གྱི་མི་ཁྲི6.26མ་མཐའི་འཚོ་བ་འགན་སྲུང་གི་རོགས་སྐྱོབ་ནང་བཞག་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཐོན་པའི་གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོ་ནས2019ལོའི་བར། རིམ་བསགས་བྱས་ན་ཞིང་ཆེན་ཡོངས་སུ་ཞིང་སྡེའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་གཞི་རྩའི་འཚོ་བའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར68.7བྱིན་པ་དང་། ད་ལོའི་ཟླ9པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མི་ཁྲི28.34ཞིང་སྡེའི་མ་མཐའི་འགན་སྲུང་བྱ་ཡུལ་དུ་བཞག་པ་དང་། དེ་ལས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཁྱིམ་གྱི་མི་ཁྲི7.7ཁྲོད་མི་ཁྲི6.26ནི་མ་མཐའི་འཚོ་བ་འགན་སྲུང་གི་རོགས་སྐྱོབ་ནང་དུ་བཞག་པ་དང་། དེས་ཡིག་ཚགས་དང་བྱང་བུ་བཟོས་པའི་རོགས་སྐྱོབ་བྱ་ཡུལ་གྱི81.3﹪ཟིན་ལ། གཞི་རྩའི་ཐོག་འགན་སྲུང་བྱེད་འོས་པ་དག་གང་ནུས་ཀྱིས་འགན་སྲུང་བྱེད་པ་མངོན་འགྱུར་བྱུང་བ་རེད།

སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐིལ་རྟོལ་དབུལ་ཐར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མཐའ་གཅིག་ཏུ“གཞི་རྩའི་སྟེང་མེད་པར་བཟོ་བ”ཡི་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པར་སེམས་ཐག་གཙང་བཅད་ཀྱིས་དང་ལེན་དང་ཞབས་ཞུ་བསྒྲུབ་དགོས། རང་ཞིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་གཅིག་གྱུར་འཆར་འགོད་ལ་སྐུལ་སྤེལ་དང་། མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དང་ཟོང་གོང་འཕར་བ་ཕན་ཚུན་སྦྲེལ་བའི་མཉམ་འགུལ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་བརྟན་འཇགས་ངང་ཇེ་མཐོར་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞིའི་བར་ཁྱད་ཇེ་ཆུང་དུ་གཏོང་རྒྱུ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་ཚད་གཞི་ལས་ཅུང་མཐོ་བའི་མང་ཚོགས་དཀའ་ཁག་ཅན་གྱི་གཞི་རྩའི་འཚོ་བའི་དཀའ་ཁག་ལ་དམིགས་ཏེ། ཡོང་འབབ་ཉུང་བ་དང་འགྲོ་གྲོན་རང་བཞིན་གྱི་དབུལ་ཕོངས་བྱ་ཡུལ་ལ་ངོས་འཛིན་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ལྷག་པར་ཏུ་དབུལ་པོར་ཞབས་ཞུ་བྱེད་པའི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་གནས་སྐབས་རོགས་སྐྱོབ་བྱེད་པའི་ཁེབས་ཚད་རྒྱ་བསྐྱེད་རྒྱུ་རེད། རོགས་སྐྱོབ་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མང་ཚོགས་མ་མཐའི་འགན་སྲུང་སོགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།