ཐིན་ཅཱ་ཚའེ་ཡིས་གུང་ཧོ་རྫོང་དང་མཚོ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་གུང་ཧོ་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དུ་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཏེ། ད་ལོའི་བྱ་བར་སྤྱི་སྡོམ་བྱས་པ་དང་གནད་དོན་ལ་ཞིབ་ལྟ་དང་དབྱེ་ཞིབ་བྱས་ལ། སང་ལོའི་ལས་འགན་བྱེད་ཐབས་ལ་འཆར་འགོད་བྱས་པ་དང་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་འགན་འཁྲི་གནས་གཏན་ལ་གཞིགས་ནས། ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་གཞི་རྩའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ལྟ་ཞིབ་འགན་སྲུང་དང་ལག་བསྟར། སྐུལ་འདེད་དང་འཐུས་ཚང་། འཕེལ་རྒྱས་སུ་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས། སྐོར་ཞིབ་དང་མངག་སྡོད་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བྱ་བའི་མི་སྣ་འདེམས་པ་དང་བཀོད་སྒྲིག་བཟང་བོ་བྱེད་པ། སྟོབས་ཤུགས་མཉམ་བསྲེས་བྱེད་པ། རྐྱེན་སྲོལ་གསར་གཏོད་བྱེད་པ། གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྤྱོད་དང་ཁྲིམས་འཛིན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་པ། ལག་ལེན་ཁྲོད་ལས་སྒོ་ཇེ་བཟང་དུ་བསྒྱུར་བ་དང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་གྱིས་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་དགོས། སྒྲིག་སྤྱོད་བྱ་བར་ལྟ་སྐུལ་བྱེད་པ་དང་ཁྲིམས་འཛིན་བྱ་བར་ལྟ་སྐུལ་བྱེད་པའི་གཏན་ཁེལ་ལག་བསྟར་ནན་མོ་བྱས་ནས། ཁྲིམས་སྲོལ་ལྟར་སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་ཚད་ལྡན་དུ་གཏོང་དགོས། ཞིང་ཆེན་ཏང་ཨུས་བསྡུས་པའི་གསར་དུ་བཟོ་བཅོས་བྱས་པའི་འགན་འཁྲི་རྩད་གཅོད་སྲོལ་ཡིག་གི་སློབ་སྦྱོང་ལག་བསྟར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ལྷག་པར་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་དགོངས་དོན་ལག་བསྟར་ནན་མོ་བྱེད་ན། ཏང་ཨུས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྲིད་ཇུས་ཀྱི་རེ་བར་རྒྱུས་ལོན་ཡང་དག་བྱེད་པ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། དོ་དམ་ནན་མོ་བྱེད་པ་དང་གཅེས་སྤྲས་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། འགན་འཁྲི་རྩད་གཅོད་གནད་ལ་འཁེལ་བ་དང་ཕན་དང་ལྡན་པ། ཚད་གཞི་དང་མཐུན་པ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།