མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ཏེ་མདུན་དུ་སྐྱོད་ཅེས་པ་བརྗོད་གཞི་ཡིན་པའི་སློབ་གསོའི་ཆེད་དོན་སྙན་ཞུ་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན།   ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་།   དམངས་གཙོ་བཅོས་སྒྱུར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་པའི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་ལག་རྡང་སྦྲེལ་ཏེ་མདུན་དུ་སྐྱོད་ཅེས་པ་བརྗོད་གཞི་ཡིན་པའི་སློབ་གསོའི་ཆེད་དོན་སྙན་ཞུ་གྲོས་ཚོགས་ཟི་ལིང་ནས་བསྡུས།  གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།   སྐབས་བཅུ་བ་དང་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   དམངས་གཙོ་བཅོས་སྒྱུར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་ཨུ་ཡོན་མཱ་ཀྲི་ཝེ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་བྱེད་དུ་བཅུག   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།   དམངས་གཙོ་བཅོས་སྒྱུར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་གྲོས་ཚོགས་ལ་ཞུགས།

མཱ་ཀྲི་ཝེ་ཡིས་མི་རབས་བཞིའི་སྲིད་གྲོས་མི་ཡིས་རྒྱལ་གཅེས་བརྩེ་བ་རྒྱུན་འཛིན་བྱས་ཞེས་པ་བརྗོད་དོན་དུ་བྱས་ཏེ་ཁོའི་ཨ་མྱེས་དམག་དཔོན་མཱ་ཀྲན་ཧྲན་གྱིས་མི་རིགས་བཅིངས་འགྲོལ་དང་ཀྲུང་གོ་གསར་པ་འཛུགས་སྐྲུན་ཐད་བཞག་པའི་བྱས་རྗེས་ཞིབ་ཏུ་བཤད་པ་དང་།  ཁོ་ཚང་གི་མི་རབས་བཞི་དང་མི་དམངས་སྲིད་གྲོས་བར་གྱི་ལས་དབང་གླེང་བར་མ་ཟད།    ཕུན་སུམ་ཚོགས་པའི་དཔེ་མཚོན་མང་པོ་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་གི་གཅིག་བསྡུས་ནུས་ཤུགས་དང་ཡིད་འགུག་ནུས་ཤུགས་ཆེན་པོ་འགྲེལ་བཤད་བྱས།  མཱ་ཀྲི་ཝེ་ཡིས་ད་རུང་མཚོ་བོད་ལྕགས་ལམ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་སོགས་ཏང་མང་མཉམ་ལས་གཏམ་རྒྱུད་ལྷུག་པོར་བརྗོད་པ་དང་།   ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་རླབས་ཆེ་བའི་གསར་གཏོད་རང་བཞིན་ཐད་ནས་འགྲེལ་བཤད་བྱས།

ཚོགས་ཞུགས་མི་སྣ་ཚོས་ལང་ལོང་གིས་བསྟན་དོན།   འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པས་ཚང་མར་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ།   ལས་འགན་ལག་བསྟར་བཅས་ཀྱི་ལག་ལེན་སློབ་ཁྲིད་ཐེངས་ཤིག་བྱས།  འཆད་ཁྲིད་ལ་ཉན་པ་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་།   རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྔར་ལས་སྐུལ་སློང་བྱས་ལ།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་གི་འགན་འཁྲི་སྔར་ལས་ཇེ་གསལ་དུ་བཏང་ཟེར།

དམངས་གཙོ་ཏང་ཁག་སོ་སོའི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་རྒྱུན་ལས་ཨུ་ཡོན།  དེ་མིན་དམངས་གཙོ་ཏང་ཁག་སོ་སོའི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི་བརྒྱ་དང་ལྔ་བཅུ་ལྷག་གིས་འཆད་ཁྲིད་ལ་ཉན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།