རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་བརྒྱད་བཏོན་ནས་བརྗོད་དོན་སློབ་གསོ་དམ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་གྱི་གནས་ཚུལ་དངོས་དང་དམ་སྦྲེལ་བྱས་ཏེ། ཐོག་མའི་སེམས་འདུན་སྲུང་།འགན་འཁྲི་ཁག་འཁུར་བྱེད། བར་ཁྱད་བཙལ་ནས་དངོས་འབེབས་དམ་འཛིན་བྱེད་པའི་སྤྱིའི་བླང་བྱར་དམིགས་ནས། རྩ་འཛུགས་ཀྱིས་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། དངོས་འབེབས་འབུར་ཐོན་གྱིས་ཕན་འབྲས་དམ་འཛིན་བྱས།

གཙང་རྐྱང་ལམ་ལུགས་ཀྱི་དོ་དམ། རིགས་བགར་བྱེད་ཐབས་ཀྱི་མཛུབ་སྟོན། མཉམ་འགུལ་རང་བཞིན་གྱི་སློབ་སྦྱོང་། རྒྱ་ཁྱབ་ཏུ་སྤེལ་བ། འཐབ་ཕྱོགས་དང་པོའི་ཐབས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ། གནད་ཁེལ་རང་བཞིན་གྱི་ལྟ་བཤེར། ཁས་ལེན་རང་བཞིན་གྱིས་དག་ཐེར་བྱེད་པ། ཉེ་བཅར་རང་བཞིན་གྱི་ཞབས་ཞུ་སྒྲུབ་པ་བཅས་བྱེད་ཐབས་བརྒྱད་བཏོན་ནས་བརྗོད་གཞི་སློབ་གསོ་དམ་པོར་སྤེལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།