ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཏང་དང་མང་ཚོགས་ལས་དོན་པུའུ་ཀྲང་ཀྱི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་སློབ་ཆེན་དུ་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་སྲིད་གཞུང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་རྒྱལ་དབང་ཁེ་ལས་ཏང་དོན་ལས་བྱེད་པ་ཏང་དང་མང་ཚོགས་ལས་དོན་པུའུ་ཀྲང་ཀྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་པེ་ཅིང་སློབ་ཆེན་དུ་ སྤེལ་མགོ་བརྩམས།  ཞིང་ཆེན་སྲིད་གཞུང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་དང་།  ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་བཅུ་དགུའི་ཏང་ཡོན་ལས་བྱེད་པ་གྱ་གསུམ་འཛིན་གྲྭ་བསྡུ་བའི་མཛད་སྒོར་ཞུགས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཚད་མཐོའི་མཐོང་ཆེན་བྱས་ཏེ།  པེ་ཅིང་མར་ཁེ་སི་རིང་ལུགས་སློབ་གླིང་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་པར་ཤུགས་བསྣོན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཏང་འཛུགས་ཀྱི་ལས་འགན་གལ་ཆེན་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་འཛུགས་དང་འཆར་འགོད་བྱེད་པ། ཞིབ་ཚགས་ལྡན་པའི་བཀོད་སྒྲིག་བྱེད་པར་དམ་དུ་དམིགས་ནས། ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།  རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་བསྐྲུན་དང་རྒྱལ་དབང་ཁེ་ལས་ཀྱི་འཕེལ་རྒྱས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཛུགས་སྐྲུན།  མིག་སྔར་གྱི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་དབྱེ་ཞིབ་བྱེད་པ་སོགས་ཁྱད་ལྡན་གྱི་སློབ་ཁྲིད་བཅུ་གསར་དུ་བཙུགས།  ཆེད་བསྒྲིགས་འཆད་ཁྲིད་བྱེད་པ་ལས་གཞན། ཡུལ་དངོས་སུ་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་། ཏང་གཤིས་སློབ་གསོ་སྤེལ། བཞུགས་མོལ་བརྗེ་རེས་དང་། སེམས་ཚོར་བརྗེ་རེས་བྱེད་པ་སོགས་བཀོད་སྒྲིག་བྱས། སློབ་ཁྲིད་ཀྱི་གཞུང་ལུགས་རིང་བཞིན་དང་། དངོས་སྤྱོད་རིང་བཞིན་འབུར་དུ་ཐོན་ཞིང་། གསོ་སྦྱོང་དང་སློབ་སྦྱོང་གི་གྲུབ་འབྲས་ཤུགས་དྲག་ཏུ་བཏང་།

ཐེངས་འདིར་ཏང་དང་མང་ཚོགས་ཀྱི་ལས་དོན་པུའུ་ཀྲང་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ལས།  རྒྱལ་དབང་ཁེ་ལས་ཀྱི་ཏང་དང་མང་ཚོགས་ཀྱི་ལས་དོན་པུའུ་ཀྲང་ཀྱི་ཆབ་སྲིད་གཞུང་ལུགས་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། རྒྱལ་དབང་ཁེ་ལས་ཏང་རྩ་འཛུགས་ལེགས་བཅོས་དང་ཤུགས་བསྣོན་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཞུང་ཕྱོགས་འཕེལ་རྒྱལ་ལ་སྐུལ་འདེད་དང་། ཁེ་ལས་ཏང་འཛུགས་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་ལ་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།