ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་སྲུང་སྐྱོང་ཚན་པའི་མིང་ཐོ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་གྱི་ཚན་པ་73མིང་གཞུང་དུ་ཚུད་ཅིང་། དེའི་ནང་ཟ་ལར་རིགས་ཀྱི་རྔ་མོང་ཆུ་མིག་གི་ངག་རྒྱུན་དང་ཧུའེ་རིགས་ཀྱི་གསོལ་སྟོན་གཞས་དབྱངས། ཧོར་རིགས་ཀྱི་གཏོ། བོད་ཀྱི་ཟློས་གར། ཀོ་གཟུགས་ཟློས་གར། སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་པ། རེབ་གོང་སྒྱུ་རྩལ། ཧོར་ཀྲུང་གི་རྩེག་དྲུབ། བོད་ཀྱི་གསོ་རིག་སོགས་ཚུད་ཡོད་པ་རེད། །
国家级非物质文化遗产代表性项目保护单位名单
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་སྲུང་སྐྱོང་ཚན་པའི་མིང་ཐོ་གསར་ཤོས་ཁྱབ་བསྒྲགས་བྱས་པ།