​གཅན་ཚ་རྫོང་གི་སྐབས་དང་པོའི“སྣང་རའི་གོར་མོ་ཆེའི”བསྲེགས་བཟོའི་ལག་རྩལ་འགྲན་བསྡུར་ཆེན་མོ་བདེ་ལེགས་ངང་མཇུག་སྒྲིལ་བ།

微信图片_20191203111507.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་སྲོལ་རྒྱུན་གོ་རེ་སྲེག་པའི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བདེ་ཐང་བཟའ་བཏུང་གི་འདུ་ཤེས་ཁྱབ་གདལ་གཏོང་ཆེད། ཟླ11པའི་ཚེས29ཉིན། གཅན་ཚ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣང་ར་ཤང་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་མཉམ་གཅིག་ཏུ་སྣང་ར་ཤང་གྲམ་པ་ནང་གྲོང་ཚོར་གཅན་ཚ་རྫོང་གི“སྣང་རའི་གོར་མོ་ཆེའི”སྲེག་བཟོའི་ལག་རྩལ་འགྲན་བསྡུར་སྐབས་དང་པོ་སྤེལ་བ་རེད། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཧྭ་ཀྲིདང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲོའུ་ཡུས་ཡུན། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལིས་ལི་ཁི་བཅས་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་རེད། 

微信图片_20191203111516.jpg

བྱེད་སྒོ་བདེ་ལེགས་ངང་སྤེལ་བར་འགན་ལེན་བྱ་ཆེད། བྱེད་སྒོ་མ་སྤེལ་སྔོན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་འཐུས་ཚང་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་བྱེད་སྒོའི་བྱེ་བྲག་གི་ཇུས་གཞི་གཏན་འབེབས་གནང་ནས། ཤང་གྲོང9དང་དོན་གཅོད་ཁྲུའུ1བཅས་ཀྱི་རུ་ཁག10འགྲན་བསྡུར་ནང་ཞུགས་པར་རྩ་འཛུགས་བྱས་ཡོད་ཅིང་། རུ་ཁག་རེར་མིང་གྲགས་ཆེ་བའི་སྣང་རའི་གོར་མོ་ཆེ་སྲེག་པའི་བུད་མེད་མཉམ་འབྲེལ་ཚོགས་པའི་ཚོགས་མི་ལག་རྩལ་མཁན་མི3རེ་མངགས་ཡོད་པ་མ་ཟད། གྲོ་ཕྱེ་དང་བཟའ་སྣུམ་སོགས་བཟའ་བཅའ་མཁོ་འདོན་བྱས་ནས་ལག་རྩལ་འགྲན་བསྡུར་ཆེན་མོ་སྤེལ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།

微信图片_20191203111527.jpg

    འགྲན་བསྡུར་བྱེད་སྐབས། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་སོ་སོས་རྫ་ཐབ་བཟོ་བ་དང་། ཕྱེ་བརྫིས་པ། སྲེག་པ། ས་འབྲད་པ་སོགས་ཀྱི་བརྒྱུད་རིམ་རབ་དང་རིམ་པ་བརྒྱུད་མཐར། ཁྱོན་མེར་སྲེག་བཏང་ནས་བཟོས་པའི་གོར་མོ་ཆེ70ཡོད་པ་དང་། དེའི་ནང་རུ་ཁག་སོ་སོའི་ལོ་སྨི70ཡན་གྱི་གོར་མོ་ཆེ་རེ་བདམས་ཏེ་འགྲན་སྡུར་ལ་ཞུགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཆེད་དུ་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ་རྡོ་རྗེ་ནོར་བུ་དང་། མར་ཁུ་ཐང་གྲོང་རྡལ་སྐྱ་རེངས་གྲོང་ཚོའི་ཨ་ཡེ་ཧྲི་དང་། སྣང་ར་ཤང་གི“གོར་མོ་ཆེ་”རྒྱུན་འཛིན་ཤེས་ལྡན་མི་སྣ་རབ་རྒྱས། རྫོང་དཔལ་ཡོན་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཀྲི་ལན། རྫོང་རིག་གནས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཉི་མ་ཐར། སྣང་ར་ཤང་ལ་མོ་གྲོང་ཚོའི་དོན་འགྲུབ་ཚེ་རིང་སོགས་མི7གྱིས་ཡུལ་དངོས་སུ་དཔྱད་འདེམས་བྱས་པ་རེད། ཞིབ་དཔྱད་བྱེད་པའི་སྐབས། དཔྱད་འདེམས་པ་ཚོས་སྲེག་བཟོས་“གོར་མོ་ཆེ”10བདམས་ནས་ཕྱི་ཚུལ་དང་། ཁ་མདོག བྲོ་བ་སོགས་ལ་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས་པ་དང་། གདོང་སྣ་གྲོང་རྡལ་དང་། སྐྱ་རྒྱ་ཤང་། ཁམས་ར་གྲོང་རྡལ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། མར་ཁུ་ཐང་གྲོང་རྡལ་དང་ནང་ཁོག་ཤང་ལ་བྱ་དགའ་ཨང་གཉིས་པ་ཐོབ། སྣང་ར་ཤང་ལ་བྱ་དགའ་ཨང་དང་པོ་བཅས་ཐོབ། ཁྱོན་བསྡོམས་པས་རིན་ཐང་སྒོར་ཁྲི1ཡིན་པའི་བྱ་དགའ་སྤྲད་པ་དང་བྱེད་སྒོར་གྲུབ་འབྲས་བཟང་པོ་ཐོབ་ནས་སྔོན་དཔག་དམིགས་ཚད་ལ་སླེབས་ཡོད་པ་རེད།

微信图片_20191203111537.jpg

    འགྲན་བསྡུར་བྱེད་པའི་སྐབས། ཞིང་ཆེན་རིམ་པའི“སྣང་རའི་གོར་མོ་ཆེའི”རྒྱུན་འཛིན་ཤེས་ལྡན་མི་སྣ་ཚེ་རིང་སྐྱིད་ཀྱིས་ཡུལ་དངོས་སུ་“གོར་མོ་ཆེའི”བཟོ་རྩལ་ལ་མཛུབ་ཁྲིད་བྱས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་ཕན་ཚུན་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་མི་རིགས་ཁག་གི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། །

微信图片_20191203111544.jpg

微信图片_20191203111546.jpg

微信图片_20191203111549.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།