ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་གཏིང་ཟབ་སྒོས་སྒྲོག་འགྲེལ་ཁྲིད་སྟོན་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚུའེ་ཝེ་དང་། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཝུན་པེའོ། ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་རིམ་པ་དང་པོའི་སྐོར་ཞིབ་པ་ཞུས་ཅན་སུའོ། ཞིང་ཆེན་ཏང་ཨུ་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཤན་ཧྭ། ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཝུའེ་ཧྲིན། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཚོགས་གཙོ་ཀའོ་ཡུན་ཕུའུ། ཞིང་ཆེན་ཏང་ཨུ་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་སློབ་དཔྱོད་པུའུ་ཡི་ཀྲུའུ་རེན་ཝུའུ་ཡུས་མིན་བཅས་ཀྱིས་ཉིན་ཤས་རིང་བསྟུད་མར་ངལ་དུབ་ལ་མ་འཛེམས་པར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་སྐད་ཡིག་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཟི་ལིང་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སི་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་དང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཁག་གཅིག་གི་ཏང་ཡོན་ལས་བྱེད་པ8000ཙམ་གྱིས་སྙན་ཞུའི་ཚོགས་འདུ་ལ་ཉན་པ་རེད། ཞིང་ཆེན་ཁྲིམས་འཛིན་ཐིང་སོགས་ཀྱི་ལས་ཁུངས་ཀྱིས་ད་དུང་བརྙན་ལམ་ནས་འཆར་བའི་སྙན་ཞུའི་ཚོགས་འདུ་འཚོགས་ཏེ་སྒྲོག་འགྲེལ་བྱ་ཡུལ་མང་ཚོགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

 སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བར་གོ་བ་ཟབ་མོ་བླངས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་རང་རློམ་སྲ་བརྟན་དུ་གཏོང་བ”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་འབེན། གཙོ་གནད་ལས་འགན་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། “ཏང་གི་འགྲོ་ཁྲིད་ལ་ཤུགས་སྣོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འབེབ་གནང་བའི་ལས་གཞིའི་རྣམ་གྲངས་ཀྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་པའི”དོན་ཚན་ཕྱོགས་བཞིའི་ཐད་ལ། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་དང་འབྲེལ་མཐུད་ཀྱིས། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་རྒྱུད་རིམ་ལྡན་པ་དང་གཙོ་གནད་མངོན་གསལ་དོད་པས་རྒྱས་འགྲེལ་དང་གསལ་འགྲེལ་བྱས། སྒྲོག་འགྲེལ་ཚོགས་འདུའི་ཐོག་ཉན་མཁན་མང་ཚོགས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཉན་ཞོར་དང་ཟིན་ཐོ་འགོད་ཞོར། ཆེས་གནད་འགག་གི་གཏམ་བཤད་དུས་མཚམས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་པ་དང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཡུལ་དངོས་སུ་ཉན་མཁན་དང་ཕན་ཚུན་ངོ་ཐུག་ནས་དྲིས་ལན་འདྲི་བ་དང་ལན་འདེབས་རེས་བྱས་པས་སྒྲོག་འགྲེལ་གྱི་བྱ་བ་ལེགས་པར་སྤེལ་ཞིང་སྒྲོག་འགྲེལ་ཕན་འབྲས་ཆེ་རུ་ཕྱིན་ཡོད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཧན་ཏི་ཧོས་ཡིས་སྒྲོག་འགྲེལ་གྱི་གཙོ་གནད་འབུར་དུ་ཐོན་ལ་གཏན་ཚིགས་རང་བཞིན་གྱི་བསམ་བློ་དང་། མཛུབ་ཁྲིད་རང་བཞིན། ལག་ལེན་རང་བཞིན་བཅས་ལྡན་ཡོད། གོམ་སྟབས་རྗེས་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་། དྲིལ་བསྒྲགས་བཟང་པོ། ལག་བསྟར་བཟང་པོ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐོག“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང་། ཐོན་ཁུངས་ནུས་ལྡན་གྱི་བེད་སྤྱོད་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ། སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་”སོགས་ཀྱི་བླང་བྱ་གལ་ཆེན་ཞིབ་ཚགས་ཀྱིས་དོན་འཁྱོལ་བྱས་ཏེ་སྣོད་བཅུད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་བའི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། རང་ཞིང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཁྲིམས་འཛིན་ཐིང་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་མེ་ཀྲེན་གྱིས་བཤད་རྒྱུར། གཅིག་སྡུད་སྒྲོག་འགྲེལ་བྱས་པ་བརྒྱུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དེ་བས་གོ་བ་གཏིང་ཟབ་བླངས་ཡོད་ལ། ཕྱིན་ཆད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོ་རུ་གཏོང་བ། ཐིང་ཁོངས་གཏོགས་ཀྱི་རིམ་པ་ཁག་ཏང་རྩ་འཛུགས་ཀྱིས་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་སྲིད་འཛིན་ལས་དོན་དང་ཟུང་འབྲེལ་བྱེད་ས་འཚོལ་བ། ལག་བསྟར་དོན་འཁྱོལ་གྱི་ཁ་ཕྱོགས་དང་བསམ་བློའི་ཁ་ཕྱོགས་གསལ་བོ་བཟོ་བ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་ཕན་འབྲས་ཏན་ཏིག་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བཤད།

 ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ལི་ཝན་ཝུའེ་ཡིས་བཤད་རྒྱུར། སྒྲོག་འགྲེལ་གྱི་སྐད་ཆའི་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། བརྗོད་དོན་གཏིང་ཟབ་པས་ཚང་མར་ལམ་ལུགས་ངོས་འཛིན་གྱི་གོ་བ་ཆེ་རུ་བཏང་ཡོད། ཆེད་བསྐོས་ཏང་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་སྣེ་ཁྲིད་དེ་ཏང་ཀྲི་པུའུ་ཁག་གི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཡོན་གྱི་ཏང་གཤིས་དང་ཏང་གི་སྒྲིག་སྲོལ་ལམ་ལུགས་ཁག་ལ་ཁྲིད་སྟོན་ཤུགས་ཆེན་བྱེད་པ། འཕྲལ་སྡོམ་དོ་དམ་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་དང་དཔུང་ཁག་འཛུགས་སྐྱོང་ཁྲོད་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱ་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།