མགོ་ལོག་ཁུལ་གྱིས་དག་ཐེར་ལེགས་བཅོས་དམ་འཛིན་བྱས་ནས་མང་ཚོགས་ཀྱི་དཀའ་གནད་ཐག་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུའི་བཀོད་སྒྲིག་ལྟར། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་ཡིག་འབྲུ་བཅུ་གཉིས་ཀྱི་སྤྱིའི་རེ་བར་དམིགས་ནས། རྟོག་ཞིབ་ཟབ་མོ་དང་ཆེད་དོན་བཅོས་སྐྱོང་། ལྟ་ཞིབ་ལེགས་བཅོས་བྱེད་རྒྱུ་བྱེད་ཐབས་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་བསྒྱུར་བའི་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་དམ་འཛིན་ལྷོད་མེད་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཆུ་ཚད་མཐོན་པོ་དང་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་བཏང་།

ཆེད་དོན་བཅོས་སྐྱོང་བཅུ་རིམ་པ་བཞིན་སྤེལ་བ་དང་། ཆེད་དུ་འབྲེལ་ཡོད་ཇུས་གཞི་གཏན་འབེབས་བྱས་ནས། འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ནས་ཀྲུང་དབྱང་གི་གཏན་ཁེལ་དང་དེའི་ལག་བསྟར་རྩ་དོན་གྱི་དགོངས་པ་དང་འགལ་་བའི་གནད་དོན་དགུ་རྩད་ཆོད་པ་དང་། མི་བཅུ་གཉིས་ལ་ཏང་ཁྲིམས་སྲིད་དོན་ཐད་ཀྱི་ཆད་པ་བཅད་ལ། ཁྲིམས་འགལ་དོན་དག་བཅུ་གཉིས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བདུན་པས་རྙེད་པའི་གནད་དོན་ལྔ་ལ་དག་ཐེར་ལེགས་བཅོས་བྱས།

གནད་དོན་དང་རྒྱུ་རྐྱེན་འཚོལ་ཆེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆེད་དོན་བཅོས་སྐྱོང་བྱེད་པ་དང་ཁྱོན་ཡོངས་ནས་དག་ཐེར་ལེགས་བཅོས་བྱེད་པ། སྒྲིག་ལམ་དང་རྐྱེན་སྲོལ་འཛུགས་པ། མིག་སྔའི་བྱ་བར་དམིགས་པ་བཅས་སྣེ་ཁྲིད་དུ་བྱས་ནས་དག་ཐེར་ལེགས་བཅོས་བྱས་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ། བསམ་འཆར་བསྡུ་ལེན་རེའུ་མིག་བཀྲམ་པ། བསམ་འཆར་སྒམ་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མི་དམངས་ལ་ཁེ་ཕན་བརྩོན་ལེན་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཕྲག་ཏུ་ལེན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།