ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་འཛམ་གླིང་ཨེ་ཙིའི་ནད་ཀྱི་ཉིན་མོ་ཐེངས་སོ་གཉིས་པ་ཡིན་ལ། ད་ལོའི་དྲིལ་སྒྲོག་བྱ་འགུལ་གྱི་བརྗོད་དོན་ནི་གཞིས་ཁུལ་ལ་སྐུལ་སློང་བྱས་ནས་མཉམ་དུ་ཨེ་ཙིའི་ནད་འགོག་པ་དང་། བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུ་རང་ངོས་ནས་འགོ་རྩོམ་ཞེས་པ་དེ་ཡིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུ་ང་གིས་ཨེ་ཙིའི་ནད་འགོགས་བཅོས་བྱ་བར་མཐོང་ཆེན་བྱས་ནས། སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཡོངས་ཧུར་བརྩོན་ཆེན་པོས་ཨེ་ཙིའི་ནད་འགོག་བཅོས་ཀྱི་ལས་དོན་ཁྲོད་ཞུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཨེ་ཙིའི་ནད་སྔོན་འགོག་བྱ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ཨེ་ཙིའི་ནད་ལ་རྐྱེན་བྱས་ནས་ཤི་ཚད་མངོན་གསལ་ཇེ་དམའ་རུ་སོང་ཡོད་པ་ལས་གཞན། བྱེད་ཐབས་སྣ་མང་སྤྱད་དེ་ཨེ་ཙིའི་ནས་རིགས་ཀྱི་ཁྱབ་ཚད་ཅུང་དམའ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བཀོད་པ་ལས་མཚོ་སྔོན་གྱི་ཨེ་ཙིའི་ནད་རིགས་འགོས་ཡོད་པའི་ནད་པ་ཁྱོན་བསྡོམས་སྟོང་གསུམ་དང་དོན་བདུན་ཡོད་ཅིང་། ཨེ་ཙིའི་ནད་ལ་རྐྱེན་བྱས་ནས་མི་ལྔ་བརྒྱ་ཉེར་གཉིས་ཤི་བ་དང་། ད་ལྟ་དངོས་སུ་གསོན་ཡོད་པའི་ནད་པ་སྟོང་གཉིས་དང་ལྔ་བརྒྱ་ང་ལྔ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་གྱིས་ཨེ་ཙིའི་ནད་རིགས་ཀྱི་ཁྱབ་ཚད་ཅུང་དམའ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ།