ཁྲི་ཀའི་་རྫོང་དང་ཤང་གྲོང་གཉིས་ཀྱིས་དྲ་ཐོག་དམངས་ཕན་ཞབས་ཞུའི་སྐུད་ལམ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་གྲངས་ལ་བརྟེན་ནས་མང་ཚོགས་ལ་སྟབས་བདེ་སྐྲུན། “ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས“དམངས་བདེ། དམངས་ཕན། དམངས་ཕྱུག དམངས་མཐུན”བཅས་ཀྱི་ཞབས་ཞུའི་དམིགས་ཡུལ་ལ་དམ་ཏུ་དམིགས་ཏེ། ཤང་གྲོང་གི་དམངས་འཚོའི་ཞབས་ཞུའི་ཚོམས་ཆེན་དང་སྡེ་བ་སོ་སོའི་ཏང་རྩ་འཛུགས་དམངས་ཕན་ཞབས་ཞུ་ཚོམས་ཆེན་དབར་དྲ་ཐོག་གི“ཐད་སྦྲེལ་ཁ་པར”ཤར་གཏོང་བྱས་ཏེ་མང་ཚོགས་ཀྱི་ལས་སྒོའི་བློ་འདྲི་དང་བྱ་བ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་པས་གཞི་རིམ་གྱི་ལས་སྒྲུབ་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པས་མང་ཚོགས་ཀྱི་བདེ་སྐྱིད་སེམས་ཚོར་སྔར་བས་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཐོག་གི“དམངས་ཕན་ཞབས་ཞུའི་སྐུད་ལམ”གྱིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་གཞི་རྟེན་དུ་བྱས་ཏེ་སྐད་འཕྲིན་ཞབས་ཞུའི་ཚོགས་པ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གོང་དུ་ཤང་གྲོང་རྡལ་དམངས་འཚོའི་ཞབས་ཞུའི་ཚོམས་ཆེན་དང་སྦྲེལ་བ་དང་། འོག་ཏུ་གྲོང་ཚོ་རིམ་པའི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་སྦྲེལ་མཐུད་བྱས་ནས་དྲ་ཐོག་ཏུ་སྐད་ཆ་འདྲི་བ་དང་ལན་འདེབས་པ་ངོན་འགྱུར་བྱས། གྲོང་ཚོ་རིམ་པའི་དམངས་ཕན་ཞབས་ཞུ་ཚོམས་ཆེན་གྱིས་མང་ཚོགས་ཀྱི་རེ་ཞུ་སྒྲུབ་སྐབས་ལན་འདེབས་མི་ཐུབ་པའམ་ཡང་ན་སྒྲུབ་གཉེར་བརྒྱུད་རིམ་ལ་རྒྱུས་མངའ་མེད་པའི་གནད་དོན་ལ་ལས་རེས་བྱེད་མཁན་གྱི་གྲོང་ཚོའི་ལས་བྱེད་པས་དུས་ཐོག་ཏུ་ཤང་གྲོང་ཞབས་ཞུའི་ལྟེ་གནས་དང་སྦྲེལ་མཐུད་བློ་འདྲི་བྱས་ཏེ་མང་ཚོགས་ལ་འཕྲལ་མར་ལན་འདེབས་ཐུབ་པ་དང་། གནད་དོན་འཕྲལ་མར་ཐག་གཅོད་ཐུབ་པ། དོན་དག་འཕྲལ་མར་སྒྲུབ་ཐུབ་པ་བཅས་བྱས།

མིག་སྔའི་བར་རྫོང་ཡོངས་སུ་ཤང་གྲོང7གྱི་གྲོང་ཚོ118(སྡེ་ཁུལ)་ལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་དང་སྤྱོད་འགོ་ཚུགས་པ་དང་། རིམ་རྩིས་བྱས་ན་རིགས་ཁག་གི་སྲིད་ཇུས་བློ་འདྲི་ཐེངས་3481བདག་སྤྲོད་བྱས་ཡོད་ལ། སྤྱི་ཚོགས་འགན་སྲུང་དང་། སློབ་གསོ་སྨན་བཅོས། གནད་འཁེལ་དབུལ་སྐྱོར། འགལ་རྩོད་སེལ་བ་སོགས་དང་འབྲེལ་བ་ཡོད་པའི་བྱ་བ586ལྷག་ཙམ་ལེགས་བསྒྲུབས་ཟིན་པས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་98%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།