གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་དུ་སྤེལ།

4f9929661922b4493cde49378c1032e3.jpg

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། གཡང་འབའ་འབའ་དྲ་ལམ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ན་རོ་རིག་གནས་ཚད་ཡོད་ཀུང་སི།མཚོ་སྔོན་ཐོན་མི་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་འགན་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་རོགས་སྒྲུབ་བྱས་པའི་གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ཤར་གཏོང་མཛད་སྒོ་ཟི་ལིང་དུ་བསྡུས།

0bd2212fd9c84ca016981e941e447fb5.jpg

b43b5f166319567db672b854a6a93812.jpg

མཛད་སྒོའི་སྟེང་འབྲེལ་ཡོད་མགོ་ཁྲིད་དང་འཐུས་ཚབ་མི་སྣས་དྲ་ལམ་སློབ་ཁྲིད་གསར་སྤེལ་དང་། མ་འོངས་པའི་ཁ་ཕྱོགས། དེ་ལས་གཞན་སློབ་ཁྲིད་ཀྱི་ནང་དོན་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

cdb984ca857ac161405533dcb4cbc4d5.jpg

གཡང་འབའ་འབའ་དྲ་ལམ་ཚན་རྩལ་རིག་གནས་ཐོན་ལས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་བོད་ཁུལ་གྱི་རིག་གནས་སློབ་གསོར་བྱས་རྗེས་ངེས་ཅན་འཇོག་རྒྱུ་དང་བོད་ཁུལ་གྱི་སྐད་ཡིག་རིག་གནས་ཕྱི་ལ་ཁྱབ་བརྡལ་དུ་གཏོང་ཆེད། ལྗོངས་ཞིང་ལྔའི་བསླབ་གཞིའི་ནང་དོན་སྒྲ་ལྡན་བརྙན་རིས་སློབ་ཁྲིད་ཀྱི་མ་ལག་ཞིག་བསྐྲུན་པར་འབད་པ་བྱས་ནས།མཉམ་དུ་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་བཞིན་ཡོད།

གཡང་འབའ་འབའ་དྲ་ལམ་ཚན་རྩལ་རིག་གནས་ཐོན་ལས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི་མ་རྩ་ཁེར་འཇོག་ཁེ་ལས་ཤིག་ཡིན་པ་དང་། སྤྱི་གཉེར་ཁང་འདི་ལ་དཀྱིལ་སྙིང་ལག་རྩལ་མི་སྣ་དང་།ཕུན་སུམ་ཚོགས་པའི་ལག་རྩལ་ཉམས་མྱོང་། དེ་མིན་དོ་དམ་ཉམས་མྱོང་འཛོམས་པའི་དཔུང་སྡེ་ཞིག་ཡོད། དཔུང་སྡེའི་ཁོངས་མི་ཚང་མས་ཡིད་རྟོན་ཟོལ་མེད་གཙིགས་སུ་འཛིན་པ་དང་། སློབ་ཁྲིད་ཀྱི་ཕན་འབྲས་དང་གཞི་རྒྱ་ཟུང་འབྲེལ་སྒོས། བོད་ཁུལ་གྱི་མཉམ་སྦྲེལ་དྲ་ཐོག་སློབ་གསོའི་ལས་རིགས་ལ་འཕེལ་འགྲོས་གསར་བ་སྐྲུན་པའི་ཁེ་ལས་ཀྱི་དམིགས་འདུན་ལ་ཕྱོགས་ནས།མུ་མཐུད་དུ་ལས་རིགས་གསར་བ་འདོན་སྤེལ་དང་། གོ་སྐབས་དམ་འཛིན། མ་འོངས་པར་འབད་འཐབ་བྱེད་མུས་སུ་མཆིས།

གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་མ་ལག་ནི། སྤྱི་གཉེར་ཁང་གིས་གསར་དུ་བཏོན་པའི་ལྗོངས་ཞིང་ལྔའི་སློབ་ཆུང་བསླབ་གཞིའི་སྒྲ་ལྡན་བརྙན་རིས་སློབ་གསོའི་སྟེགས་བུ་ཞིག་ཡིན་ལ། རྩིས་འཁོར་ལག་རྩལ་དང་དྲ་རྒྱའི་འཕྲིན་སྐྱེལ་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པས་སློབ་མའི་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་སློབ་སྦྱོང་གི་འདུན་པ་ཚིམ་མི་ཐུབ་ཅིང་།སློབ་མས་རྒྱུན་ལྡན་སློབ་སྦྱོང་བྱེད་སྟངས་ལས་གཞན། དྲ་ལམ་བརྒྱུད་ནས་རང་ཉིད་ཀྱི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་ཤེས་བྱའི་གཏིང་ཇེ་ཟབ་གཏོང་བར་ལྷག་ཏུ་མོས་པས། དྲ་ཐོག་སློབ་ཁྲིད་བརྙན་ལམ་སློབ་གསོའི་སྟེགས་བུ་ནི་དྲ་ཐོག་སློབ་གསོའི་རྒྱུགས་ཆེ་བའི་མིང་བརྡ་ཞིག་ཡིན་ལ།ལྷག་པར་དུ་བོད་ཁུལ་སློབ་མ་དང་སློབ་གྲྭའི་སློབ་གསོ་མ་ཐེབས་པའི་བོད་རིགས་རྣམས་ལ་མཚོན་ན། དྲ་ལམ་མིན་པའི་སློབ་སྦྱོང་གི་ཐོན་ཁུངས་ལྟོས་བཅས་ཀྱིས་ཅུང་དཀོན་པར་མ་ཟད། སློབ་གྲྭའི་སློབ་སྦྱོང་གི་རྒྱུ་ཆས་ཀྱང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རེ་འདུན་ཚིམ་ཐུབ་ཀྱིན་མེད་པར་དམིགས་ནས། གཡང་འབའ་འབའ་དྲ་ལམ་སློབ་ཁྲིད་སྟེགས་བུས་ཆེད་དུ་བོད་ཁུལ་སློབ་མ་དང་། སློབ་གྲྭ་འགྲིམས་མ་མྱོང་བའི་བོད་རིགས་སྤུ་ཟླ་རྣམས་དང་། དེ་མིན་བོད་སྐད་ཡིག་སློབ་འདོད་ཡོད་པའི་མི་རིགས་གཞན་རྣམས་ལ་བརྙན་ལམ་སློབ་ཁྲིད་མ་ལག་ཅིག་གསར་སྐྲུན་བྱས་ཡོད།

8fe1738eda85b5c64923e1cafdd86120.jpg

༼གཞོན་པའི་གསར་གཏོད༽ཀྲུང་གོའི་ན་གཞོན་ཁེ་ལས་གསར་སྤེལ་འགྲན་བསྡུར་སྐབས་དྲུག་པའི་ཐོག་མའི་འགྲན་བསྡུར་དང་ཛ་དྲག་བསྐྱར་འགྲན་གྱི་གོ་རིམ་བརྒྱུད། འགྲན་ཞུགས་པ300གི་ཁྲོད་ནས་མཚོ་སྔོན་གྱི་ལས་གཞི2གཟེངས་སུ་ཐོན་ཏེ་རྒྱལ་ཡོངས་ཀྱི་ལས་གཞི་ལེགས་ཤོས་བརྒྱའི་གྲས་སུ་ཚུད་པ་རེད། འགྲན་ཞུགས་ལས་གཞི་རུ་ཁག་གིས་མཚོ་སྔོན་གྱི་འགྲན་ཞུགས་མཉམ་སྦྲེལ་དྲ་བའི་རུ་ཁག་གི་ཚབ་བྱས་ནས་ཧང་ཀྲུའུ་རུ་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པ་དང་། གཡང་འབའ་འབའ་དྲ་ངོས་སློབ་ཁྲིད་སྟེགས་བུར་རྒྱལ་ཡོངས་ཀྱི་མཉམ་སྦྲེལ་དྲ་བའི་ལས་གཞིའི་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།