རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་བཞི་བ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་བསྡུས་ཤིང་། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་གྲོས་མོལ་འཆར་འགོད་བཀོད་སྒྲིག་འཆར་ཟིན་ཞེས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བའི་སྐོར་གྱི་འབྲེལ་ཡོད་ལས་རིམ་སོགས་ལ་གྲོས་མོལ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་བཀོད་སྒྲིག་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། གྲོས་མོལ་སྲིད་གླེང་ནི་མི་དམངས་སྲིད་གྲོས་ཀྱི་ལས་རིགས་གཙོ་བོ་ཞིག་ཡིན་ཞིང་། ད་ལོའི་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྟོག་ཞིབ་གྲོས་མོལ་ལས་དོན་ཁྲོད་ནས་སྤུས་ཚད་མཐོ་བའི་ཁྲིད་སྟོན་གསལ་པོ་དང་བརྟན་པོ་བཙུགས་ཏེ། གཙོ་གནད་གྲོས་མོལ་ལས་དོན་ལ་དེ་བསྟུན་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། གཅིག་ནས་རྟོག་ཞིབ་དང་གྲོས་མོལ་གྱི་སྤུས་ཚད་མངོན་གསལ་དོད་པོའི་སྒོ་ནས་མཐོ་རུ་ཕྱིན་ཡོད་པ་དང་། བསམ་འཆར་དང་གྲོས་འགོ་གལ་ཆེན་ཁག་གཅིག་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། གཉིས་ནས་ཐུན་མོང་གི་ངོས་འཛིན་གཅིག་གྱུར་གྱི་བླང་བྱ་དོན་འཁྱོལ་ནུས་ལྡན་བྱུང་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ངོས་འཛིན་ཡག་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།  གསུམ་ནས་སྲིད་གྲོས་ཨུ་ཡོན་དང་། ཏང་ཁག་དང་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་ཀྱི་གྲོས་མོལ་ཇུས་འདོན་གྱི་ཧུར་སེམས་སྔར་ལས་ཆེ་རུ་ཕྱིན་ནས། མཉམ་ལས་མཉམ་སྒྲུབ་ཀྱི་ལེགས་ཆ་དང་ཕན་འབྲས་སྔར་ལས་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད་པ་བཅས་ཡིན་ཟེར།

གྲོས་ཚོགས་ལས་བཞེད་དོན། ཞིང་ཆེན་སྲིད་གྲོས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་ནི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་གྲོས་མོལ་ཡང་ཡང་བྱེད་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་ཞིང་། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་ཁག་སོ་སོའི་བཀོད་སྒྲིག་བྱ་བ་དང་གཞི་རིམ་མང་ཚོགས་ཀྱི་དམངས་ཚིས་རེ་འདུན་བླང་བྱ་མངོན་པར་མཚོན་ཡོད་པ་ལས་གཞན། སྲིད་གྲོས་ལས་དོན་གྱིས་སྲོག་ཤིང་དཀྱིལ་སྙིང་དུ་བཟུང་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ཡང་མངོན་པར་མཚོན་ཡོད། ཞིང་ཆེན་ཏང་ཨུའི་ཆོག་མཆན་ཐོབ་རྗེས་རྟོག་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོས་མོལ་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདྲིལ་བར་བྱེད་པ།  ཕན་འབྲས་ལྡན་པའི་སྒོ་ནས་གྲུབ་འབྲས་ཚུལ་བཞིན་སྒྱུར་བ་སོགས་ཀྱི་ཐད་ཤུགས་བསྣན་ནས། གྲོས་མོལ་སྲིད་གླེང་གི་ཕན་འབྲས་རྣལ་མ་ཇེ་མཐོར་གཏོང་དགོས་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་གྲོས་མོལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།