མཚོ་སྔོན་གྱིས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ། ཞིང་ཆེན་དབང་བོ་སྐྱོན་ཅན་ཆེད་དོན་མཐུན་ཚོགས་ཀྱི་འགན་ཁུར་བ། དབང་བོ་སྐྱོན་ཅན་གྱི་དཔེ་སྟོན་པ། དབང་བོ་སྐྱོན་ཅན་ལ་རོགས་འདེགས་བྱེད་མཁན་གྱི་སྔོན་ཐོན་མི་སྒེར་དང་། དབང་བོ་སྐྱོན་ཅན་གྱི་འཐུས་མི། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཁུངས་དང་ཁོངས་གཏོགས་ལས་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་མི་སྣ་སོགས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།

 བཞུགས་མོལ་ཚོགས་ཐོག་ནས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཐད་བཞག་པའི་གྲུབ་འབྲས་ཆེན་པོར་ཕྱིར་དྲན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ཐད་ནས། དབང་བོ་སྐྱོན་ཅན་གྱི་མཉམ་འབྲེལ་ལྷན་ཚོགས་དྲུག་འཛུགས་སྐྲུན་བྱ་རྒྱུའི་བླང་བྱ་ཞིབ་ཕྲ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ལས་དོན་དང་ཟུང་འབྲེལ་སྒོས། ལོ་ངོ་སུམ་ཅུའི་རིང་གི་དབང་བོ་སྐྱོན་ཅན་གྱི་ལས་ཀའི་ཉམས་མྱོང་དང་མྱོང་ཚོར་ལྷུག་པོར་གླེང་བར་མ་ཟད། སོ་སོའི་ལྟ་ཚུལ་བཤད་པ་ལས་གཞན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་བཏོན་ནས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་ནས་བཞུགས་མོལ་གྲོས་མོལ་གང་ལེགས་བྱས། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།