མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་ལེགས་སྒྲིག་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ནག་འཇོམས་ངལ་ཆེན་ཆེད་དོན་ལེགས་སྒྲིག་བྱ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བ་ནས་བཟུང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་ནན་ཏན་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་འགན་འཁྲི་ཁག་བགོས་མངོན་གསལ་བྱེད་པ། རྨང་རྐང་བརྟན་པོའི་སྒོ་ནས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཆེད་དོན་འཐབ་རྩོད་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ། སྤྱི་ཚོགས་ཀྱི་སྣང་ཚུལ་མི་ལེགས་པ་དུས་ལྟར་ལེགས་སྒྲིག་བྱེད་པ། སྤྱི་ཚོགས་ཁོར་ཡུག་ལ་མུ་མཐུད་དུ་ལེགས་བཅོས་གཏོང་བ་བཅས་ལ་འབད་མཐར། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་འཇགས་ཀྱི་ཚོར་བ། བདེ་སྐྱིད་ཀྱི་བསམ་པ་བཅས་མངོན་གསལ་ཇེ་མཐོར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།