མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ཤིང་ལིག་ཉིང་གིས་འགོ་འཛིན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་འགོ་འཛིན་གནང་ནས། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དེང་རབས་ཅན་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་རྫས་ཀྱི་བདག་དབང་སྒྱུར་བཅོས། དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ཤིང་། རྒྱལ་ཡོངས་ཀྱི་སྨན་བཅོས་འགན་ལེན་གྱི་དབུལ་ཐར་འགག་སྒྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབས་དགོས་པའི་སྐོར་གྱི་སྙན་ཞུ་ལ་གསན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སློབ་གསོའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་དེ་བཞིན་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ་དུས་རབས་གསར་པའི་མཚོ་སྔོན་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྨང་གཞིའི་ལས་གཞི་ཞིག་ཡིན། ཕྱོགས་ཡོངས་ནས་ཏང་གི་དགོངས་པ་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་ཡག་པོ་གཉེར་བ་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་འཐུས་ཚང་དུ་གཏོང་བ་དང་།  ཏང་སྲིད་ཀྱིས་སྤྱི་བའི་དོ་དམ་འགན་ལེན། སྡེ་ཁག་སོ་སོས་རང་འགན་རང་འཁུར་བྱེད་པའི་སློབ་གསོ་དང་འགོ་ཁྲིད་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མ་དངུལ་གཏོང་བར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གསོར་མ་དངུལ་འཇོག་པའི་ཆུ་ཚད་དང་གྲོན་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ། སློབ་གསོ་དེང་རབས་ཅན་དུ་འགྱུར་ཆེད་དངོས་པོའི་མཁོ་འདོན་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་དགོས། ལག་བསྟར་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགུལ་སྐྱོད་རྣམ་པར་དཔྱད་བསྡུར། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་བར་སློབ་སྦྱོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང་། རྣམ་པ་མང་པོ། ཐབས་ལམ་མང་བ་བཅས་ཀྱི་སྒོ་ནས་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་། ཐེ་གཏོགས། རྒྱབ་སྐྱོར་བཅས་བྱས་ཏེ་ཐུན་མོང་གིས་དུས་རབས་གསར་པའི་རང་ཞིང་གི་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་དགོས་པར་བསྟན།

ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་རྫས་ཀྱི་བདག་དབང་ནི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུ་ནོར་བདག་དབང་གི་བརྗོད་དོན་དོན་འཁྱོལ་བྱ་རྒྱུ་འགག་རྩར་འཛིན་པ། བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་དབང་ཆ་གཏན་འཁེལ་ཐོ་འགོད་རྨང་གཞིར་བྱེད་པ། རང་བྱུང་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་གསར་སྤེལ་བེད་སྤྱོད་དང་སྣོད་བཅུད་སྲུང་སྐྱོང་སླར་གསོ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་པ། འཁོར་སྐྱོད་ནུས་བ་ཆེ་བ་བཅས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། དམིགས་འབེན་ཁྲིད་སྟོན་དང་། གནད་དོན་ཁྲིད་སྟོན། གྲུབ་འབྲས་ཁྲིད་སྟོན་བཅས་མཐའ་འཁྱོངས་བར་བྱས་ཏེ། འགན་འཁྲི་ནན་དུ་གཏོང་བ་དང་བྱ་ཐབས་ཞིབ་ཕྲ་བཟོ་བ། འདུ་ཤེས་ཇེ་བརྟན་དུ་གཏོང་བ། མང་ཚོགས་དང་བྱ་བའི་རྨང་གཞི་བཅས་རྒྱུན་འཁྱོངས་བྱས་ནས། རང་བྱུང་ཐོན་ཁུངས་བདག་དབང་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ནགས་ཚལ་དང་། ས་ཞིང་། མཚོ་མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་སོགས་ཀྱི་ལས་འགན་ཁག་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྒྱུར་བཅོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པར་ཡང་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པའི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། དམངས་སྲིད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་དམངས་སྲིད་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དམངས་སྲིད་དམངས་ཆེད་དང་། དམངས་སྲིད་དམངས་གཅེས་ཀྱི”ལས་ཀའི་འདུ་ཤེས་ཧུར་ཐག་གིས་ལག་ལེན་དུ་བསྟར་བ། “སྟོབས་ཤུགས་གསུམ་དང་གཞི་རྩ་གསུམ”གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམངས་ལ་བཟུང་བའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་བར་སྔར་ལས་ལྷག་པའི་ཞབས་འདེགས་བཟང་པོ་ཞུ་དགོས་པར་བསྟན། 

    དེ་མིན་ད་དུང་ཚོགས་འདུའི་ཐོག་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།