མཚོ་སྔོན། སྣོད་ཀྱི་བཀོད་པར་ཀུན་གྱིས་སྨོན་པ་འཆོར།

1574908506709212.png

ཁུ་ནུ་རི་བོའི་ལྷོ་རྒྱུད་ཀྱི་ཁྲ་ལ་རི་བོ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན། )

གཞན་གྱིས་བཤད་ན་མཚོ་སྔོན་ནི་མི་མེད་ལུང་སྟོངས་ཀྱི་ཡུལ་མཐའ་འཁོབ་ཅིག་རེད་ཟེར།

གཞན་གྱིས་བཤད་ན་མཚོ་སྔོན་ནི་ཧ་ཅང་རྒྱང་རིང་བའི་ཡུལ་གྲུ་ཞིག་རེད་ཟེར།

 མ་གཞི་མཚོ་སྔོན་ནི་སྤྲིན་དཀར་གྱི་ཕུང་བོའི་བང་རིམ་ན།

 གནམ་འདེགས་གངས་ཀྱི་རི་བོའི་དཀྱིལ་དབུས་ན། 

ཡུས་མིན་འགག་ལ་རྒྱང་བལྟ་བྱས་ཡོད་པའི་མཐོ་སྒང་གི་གྲོང་ཁྱེར་ཅིག་རེད་འདུག

 དེ་བས། དོན་དངོས་ཀྱིས་མཚོ་སྔོན་དང་ཁྱོད་གཉིས་ལ། ཁྲི་ཙེ་གང་གི་བར་ཐག་ལས་མི་འདུག

1574908506552142.png

ཟི་ལིང་གི་ཁྲའོ་དབྱང་སྣོལ་ཟམ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ལིས་ཞའོ་ཀང་། )

མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ནི་ཟི་ལིང་ཡིན་ཞིང་།

གནའ་བོའི་དུས་སུ་ཆིང་ཐང་གྲོང་ཁྱེར་དང་། ཞི་ཕིན་ཅུན། ཅིན་ཀྲོའུ་བཅས་ཀྱང་ཟེར།
    དེ་ལ“ནུབ་ཀྱི་མཐའ་མཚམས་བདེ་བའི་ཡུལ”ཞེས་པའི་ནང་དོན་ཡོད།

སྔོན་ཆད་ཀྱི་དམངས་གླུ་ཞིག་ཏུ།

མཚོ་སྔོན་མཛེས། མཚོ་སྔོན་བཟང་།

མཚོ་སྔོན་གྱི་རི་བོའི་སྟེང་རྩྭ་མི་སྐྱེ།

རླུང་ཆེན་གཡུགས་དུས་རྡོ་ཡང་འཁུར་ཟེར་ཡང་།

འོན་ཀྱང་ད་ལྟ་གནས་འདིའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་པས།

ཟི་ལིང་དངོས་གནས་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད། 

1574908507452355.jpg

མཁའ་དབྱིངས་ནས་མཐོང་བའི་ཟི་ལིང་གྲོང་ཁྱེར། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ལིས་ཞའོ་ཀང་། )

མཚོ་སྔོན་ནི་མེས་རྒྱལ་གྱི་ནུབ་རྒྱུད་དང་། མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཆགས་ཡོད།
    ཞིང་ཆེན་ཡོངས་ཀྱི་ཆ་སྙོམ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3000ཡན་ཟིན།
    རི་ཚོགས་ཁྲི་ཡི་མེས་པོ་ཁུ་ནུ་རི་བོ་འདི་ན་བརྗིད་ཀྱང་འགྱིང་།
    གཙང་གསུམ་ཆུ་བོ་འདི་ནས་དལ་གྱིས་འབབ།
    མཚོ་སྔོན་པོ་འདི་ན་འོད་དུ་འཚེར་བཞིན་ཡོད།
    མཚོ་བོད་ལྕགས་ལམ་འདི་ནས་རྒྱང་ལ་བསྲིངས

1574908507797129.png

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་ནུབ་བྱང་ཕྱོགས་ཀྱི་དུང་དཀར་མཚོ་ནག  ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ལིས་ཡིའུ་ཁྲུང་། )

1574908508842443.png

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་སྟོན་ཁའི་མཛེས་ལྗོངས། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཁྲིན་ཞིས་མིན།)

    མཚོ་སྔོན་ཞིང་ཆེན་གྱི་ཤར་ནུབ་རིང་ཚད་ལ་སྟོང་སྨི1240.6ཡོད།
    ལྷོ་བྱང་ཞེང་ཚད་ལ་སྟོང་སྨི844.5ཡོད།
    སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི72.23ཡོད།

1574908508327199.jpg

    འབྲི་ཆུ་ཆུ་འགོའི་འབབ་རྒྱུད། ཞིན་ཧྭ་དྲ་བས་སྤེལ། (ཕན་པིན་པིན་གྱིས་བླངས།)
    གནས་འདི་ས་རྒྱ་ཆེ་ལ་ས་གཤིས་བཟང་།
    གནས་འདིར་མི་གྲངས་ཉུང་ཡང་། འབྱོར་ཕྱུག་གི་གསོན་ཤུགས་རྒྱས།
    ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཐོག་མ་གནས་འདི་ནས་བཟོ་སྐྲུན་བྱས།
    རྒྱལ་ཁབ་ཀྱི་སྙན་གྲགས་རྒྱས་སའི་ཡུལ་གྲུ། སྣོད་བཅུད་ཀྱི་རྣམ་ཤེས་འཁྱིལ་བའི་མཐོ་སྒང་།

1574908508961758.jpg

འདི་ནི་མཚོ་སྔོན་པོའི་གསེར་དངུལ་ཐང་རྩྭ་ཐང་གི་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་བཟོ་སྐྲུན་རྟེན་གཞིའི་རྗེས་ཤུལ་ཡིན། ཞིན་ཧྭ་དྲ་བས་སྤེལ། (ཕན་པིན་པིན་གྱིས་བླངས།)
    རང་རྒྱལ་གྱི་སྐར་མ་མིག་དམར་གྱི་ཚོད་ལྟའི་རྟེན་གཞི་ཐོག་མས། 
    རྒྱལ་ནང་གི་བར་སྣང་གི་འཚོལ་ཞིབ་དང་ཚན་རིག་ལག་ལེན་གྱི་རྣམ་པ་གསར་བ་བཏོད།
1574908509661390.jpg    

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏ་ཁྲའེ་ཏན་ས་དམར་ཁུལ་ནི་ཀྲུང་གོའི་སྐར་མ་མིག་དམར་ཚོད་ལྟའི་ལས་གཞིའི་རྟེན་གཞི་ཐོག་མ་ཡིན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། (ཝུའུ་ཀང་གིས་པར་བླངས།)

    མཚོ་སྔོན་གྱི་མངའ་ཁོངས་སུ་རྒྱལ་ནང་གི་སྐམ་སའི་ཚྭ་མཚོ་ཆེ་ཤོས་ཡོད་དེ།
    ——དེ་ལ་མཚོ་སྔོན་པོ་ཞེས་པའི་སྙན་པའི་གྲགས་པ་འབར།

1574908509347927.jpg

    འདྲ་པར་འདི་ནི་མཚོ་སྔོན་པོའི་ནུ་ལྕེའི་མཛེས་ལྗོངས་ཡིན། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཕན་པིན་པིན།)
    ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་ནས་འགོ་བརྩམས་ཏེ་མཚོ་སྔོན་པོ་མཐའ་འཁོར་ཏུ།   
    ཤར་ལྷོ་ནུབ་བྱང་སྟེ་ཁུལ་བཞི་དང་། རྨ་ལྷོ་དང་མགོ་ལོག་ཡུས་ཧྲུའུ་བཅས།

ཞིང་ཆེན་ཡོངས་ནི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གིས་གྲུབ།

1574908509456975.png

  མཁའ་འཕུར་པར་ལེན་འཕྲུལ་ཆས་ཀྱིས་བླངས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན། )

 ཕིན་ཨན། ཧུའུ་ཀྲུའུ། མིན་ཧོ། ཏ་ཐུང་། གུང་ཧོ་་་་་་་་་་་
    འཆམ་མཐུན་དང་མཛེས་སྡུག་གིས་ཕྱུག་པའི་ཡུལ་གྲུ་ཞིག
    མི་རབས་ནས་མི་རབས་བར་གནས་འདིར་འཚོ་བའི་མི་རྣམས།
    ཕན་སེམས་ཆེ་ལ་ངང་རྒྱུད་འཇམ།

1574908510371491.png

འཛམ་གླིང་གི་དུས་ཡུན་ཆེས་རིང་བའི་དུས་ཆེན་སྟེ། ཧོར་རིགས་ཀྱི་ཨན་ཀྲའོ་མནའ་སྟོན་སྒྱུ་རྩལ་དུས་ཆེན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། (ཝུའུ་ཀང་གིས་པར་བླངས།  )

    མཚོ་སྔོན་གྱི་བསྡུས་མིང་ལ་རྒྱ་ཡིག་གི“སྔོན”ཞེས་ཟེར།
    འོན་ཀྱང་དེ་ནི་གནས་འདིའི་ཁ་དོག་“སྔོ་བ”ཁོ་ན་སྟོན་པ་མ་ཡིན།

1574908510965550.jpg

དཔྱིད་ཀའི་དུས་སུ། རྨ་ཆུའི་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་ཀྱི་སིལ་སྡོང་མེ་ཏོག་གི་སྐྱེ་སྟོབས་ཀྱི་དཔལ་འབར། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཁྲིན་ཞིས་མིན)

1574908511422935.jpg

དབྱར་ཁའི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་གི་ལེ་བར་བརྒྱ་ཕྲག་གི་པད་ཁའི་མེ་ཏོག་རབ་ཏུ་བཞད། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཏོན་ཡོང་ལིང་།)    

1574908511228991.png

སྟོན་ཁའི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་གཙང་ཆབ་སྔོན་མོ་ལྷུང་ལྷུང་འབབ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་སུང་ཀྲུང་ཡོང་།)

1574908512271411.png

དགུན་ཁའི་དུས་སུ། མཚོ་སྔོན་པོས་མུ་ཏིག་གི་རྒྱན་ཆ་སྤྲས། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན།)

    མཚོ་སྔོན་ནི་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་དང་ཀུན་ནས་མཚུངས།
    སྔོ་ཞིང་སྔོ་བ། མཚོ་སྔོན་པོའི་ཡུལ་ལྗོངས་ཁོ་ན་མ་ཡིན་ལ།
    དཀར་ཞིང་དཀར་བ། ཚྭ་མཚོའི་ཁ་དོག་ཁོ་ན་ཡང་མ་ཡིན།

    ལྗང་ཞིང་ལྗང་བ། ཁྲི་ཀའི་ཡུལ་གྱི་རྨ་ཆུ་ཁོ་ན་མ་ཡིན་ལ།
    ཚོན་མདོག་རྣམ་པར་བཀྲ་བའང་། གཉེན་པོ་གཡུ་རྩེ་ཁོ་ནས་ཀྱང་ག་ལ་ཚད།   

1574908512590835.png

གཉེན་པོ་གཡུ་རྩེའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཡིས་ཅ།)

1574908512958302.png

གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་དུ་དྭངས། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན། )

 གསེར་མདོག་གི་པད་ཁའི་མེ་ཏོག
    ཚྭ་འདམ་གཞུང་གི་འཕང་འབྲས་དམར་པོ།

1574908513263032.png

    མིན་ཡོན་གྱི་ལེ་བར་བརྒྱ་ཕྲག་ཏུ་བཞད་པའི་པད་ཁའི་མེ་ཏོག་གི་རྒྱ་མཚོ། ཞིན་ཧྭ་དྲ་བས་སྤེལ།(པར་ལེན་པ་དབྱང་ཧྲིག་ཏི།)

1574908513316062.png

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་ཀྱི་ལོ་ལེགས། ཞིན་ཧྭ་དྲ་བས་སྤེལ།(པར་ལེན་པ་དབྱང་ཧྲིག་ཏི།)

1574908514535102.png

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཁྲའར་ཧན་ཚྭ་མཚོའི་ཚྭའི་མེ་ཏོག  ཞིན་ཧྭ་དྲ་བས་སྤེལ།(པར་ལེན་པ་ལིས་འེན་མིན།)    

མཚོ་སྔོན་ནི་རྫོགས་མཐའ་བྲལ་བའི་མཛེས་བའི་འཇིག་རྟེན་ཞིག་ཡིན།

1574908514873058.png

    ཁུ་ནུ་རི་བོའི་མངའ་ཁོངས་སུ་ཁེར་རྐྱང་དུ་རྒྱུ་བའི་རི་དྭགས་གཙོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།(པར་ལེན་པ་ཝུའུ་ཀང་།)

1574908515103055.jpg

    མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི5100ཡོད་པའི་རི་སྒང་དུ་རྒྱུ་བའི་རི་དྭགས་གསའ་ཡི་གཟུགས་བརྙན་ཟིན་ཐོར་བཀོད་པ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ལིས་འེན་མིན།)

1574908515788204.png

    ཉི་ནུབ་ཀྱི་མཚམས་སུ། ཁུ་ནུ་རི་བོའི་རྩྭ་ཐང་དུ་རྒྱུ་བའི་རི་དྭགས་གཙོད། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཀུན་དགའ་བསོད་ནམས།)

1574908515137077.png

སྨུག་ཞག་འཐིབས་པའི་མཚོ་སྔོན་པོའི་ནང་དུ་ངང་བ་དཀར་པོས་ལྡེམ་ལྡེམ་གར་གྱི་གཤོག་འགྱུར་ངོམ་བཞིན་པ། ཞིན་ཧྭ་དྲ་བས་སྤེལ།  (པར་ལེན་པ་ཝང་ཅིན་ཧྥུའུ།)

1574908515145383.jpg

    ཁུ་ལུ་ཁུ་མཚེའུ་ཡི་ཆུ་བྱ་སྐེ་རིང་། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཝོའུ་ཞིས་ལི།)

    འབྲོང་རྒོད་དར་མ་དང་།
    བྱ་ལྟར་མགྱོགས་པའི་གཙོད།
    སྙན་འཇེབས་ཡིད་དབང་འཕྲོག་པའི་ཁྲུང་ཁྲུང་སྐེ་ནག

ས་ལྡིང་གནམ་ལྡིང་བྱེད་པའི་ཕོའུ་ཧྲི་དགོ་བ།

1574908516643724.gif

ཆུ་བོའི་གྱེན་དུ་རྐྱལ་བའི་མཚོ་སྔོན་པོའི་གསེར་ཉ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན། )

1574908516691477.png

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཁོངས་སུ་རྒྱུ་བའི་གངས་ཁྲོད་ཀྱི་སྤྱང་ཚོགས། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ལི་ཡིའུ་ཁྲུང་། )
    གྲོང་ཁྱེར་གྱི་འདུ་འཛི། གནས་འདིར་ནམ་ཡང་ཆད་མ་མྱོང་ལ།

ཕ་ཡུལ་གྱི་ལྷིང་འཇགས་ཀྱང་། གནས་འདིར་འོ་ཞག་བཞིན་འཁྱིལ་ནས་ཡོད།

1574908517659018.jpg

ཟི་ལིང་གྲོང་ཁྱེར་གྱི་ཧེའེ་ཧུའུ་སྡེ་ཁུལ་གསར་བ། ཞིན་ཧྭ་དྲ་བ། (པར་ལེན་པ་དབྱང་ཧྲིག་ཏི།)

1574908517245152.jpg

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་སུའུ་ཅིན་ཡོན། )
    མཚོ་སྔོན་ནི་མི་རིགས་རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན།
    གནས་འདི་ན།

སྐུ་འབུམ་བྱམས་པ་གླིང་དང། རེབ་གོང་ཐང་གའི་སྒྱུ་རྩལ།

ཡུས་ཧྲུའུ་ཡི་རྫ་ནག་དང་། ཧོར་རིགས་ཀྱི་འཚེམ་གྲུབ་སོགས་ཡོད།

1574908517731136.png  

    འཛམ་གླིང་ཐོག་གི་ཆེས་རིང་བའི་ཐང་ག རིང་ཚད་ལ་སྨི618ཟིན་པས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་ཅིང་། ཀྲུང་གོའི་བོད་ལུགས་གསོ་རིག་བོད་སྨན་རྫས་རྟེན་མཛོད་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། (པར་ལེན་པ་ཝུའུ་ཀང་ཧྲེང་། )

1574908518210550.png

    མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གྲོང་མོ་ཆེ་གྲོང་ཚོས་ལོ་རེར་སྤེལ་བཞིན་པའི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རྩམ་པའི་རོལ་རྩེད་དུས་ཆེན། ཞིན་ཧྭ་དྲ་བས་སྤེལ། ( པར་ལེན་པ་ཀྲིག་ཙི་ཞིན།)   

 མཚོ་སྔོན་ནི་ལོ་རྒྱུས་ཀྱི་དྲན་ཤེས་སྦྲུམ་པའི་ས་ཁོངས་ཤིག་ཡིན།

   གནས་འདི་ན།
    རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་རྫོང་རིའི་གནའ་ཤུལ་དང་།
    ས་འོག་ནས་ཐོན་པའི་མིའི་རིགས་ཀྱི་དཀར་ཡོལ་ཐུག་པ་དང་པོའི་ལ་ཅ་གནའ་ཤུལ།
    དངོས་ཡོད་པར་གཞིའི“རིམ་པ་དགུའི་བདུད་ཀྱི་མཆོད་རྟེན”ཆུ་ཚའི་གནའ་བོའི་བང་སོ་ཡོད།
    ཐང་བོད་གནའ་ལམ་དང་དར་གོས་ལྷོ་ལམ།
    “མཚོ་བོད་གྱི་མགྲིན་པ”དུང་དཀར་གནའ་གྲོང་།

1574908518497188.png

    མང་ཚོགས་ཀྱིས་མེ་ཏོག་མཆོད་པར་ལྟ་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཀང་ཧྲེང་གིས་པར་བླངས།

1574908519579510.gif

    གྲྭ་བ་སྒྱུ་རྩལ་པ་རྣམས་ཀྱིས་མར་བརྫིས་ནས་གསོན་ཉམས་ལྡན་པའི་མེ་ཏོག་མཆོད་པ་བཞེངས་བཞིན་པ། ཞིན་ཧྭ་དྲ་བས་སྤེལ། (པར་ལེན་པ་ཅ་ཧའེ་ཡོན། )

    མཚོ་སྔོན་གྱི་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན།
    དཔེ་དེབ་ཁོ་ནའི་སྟེང་བསྟོད་བསྔགས་བྱེད་པ་ཙམ་མ་ཡིན་ལ།
   ཕྱིར་དྲན་གྱི་ལོ་ཟླ་ཁོ་ནའི་ཁྲོད་ལུས་པ་ཙམ་ཡང་མ་ཡིན་པར།
  ངེས་པ་དོན་དང་ལྡན་པའི་སྒོ་ནས།
    མཛེས་སྡུག་ལྡན་པའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འགོ་བརྩམ་སྟེ།
    ཟླ11པའི་ཚེས26ཉིན།
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་འཛམ་གླིང་ཡོངས་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་འོས་སྦྱོར་བྱས།

1574908519312253.jpg

    རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་འགན་གཅིག་ལྕོགས་སུ་འཁུར་བའི་ཝང་དབྱིས་འོས་སྦྱོར་མཛད་སྒོའི་སྟེང་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེའེ་ཡའེ་ཡིས་པར་བླངས།

འཛམ་གླིང་ཡོངས་ཀྱི་མིག་གི་དབང་བོ་ཡང་བསྐྱར་མཚོ་སྔོན་གྱི་སྟེང་ལ་བསྡུས་ཤིང་། 

    གནམ་འོག་གི་མགྲོན་པོ་དང་གྲོགས་པོ་ལྷན་དུ་འཛོམས་ནས།
    མཚོ་སྔོན་གྱི་གཏམ་རྒྱུད་ལ་ཉན།
    མཚོ་སྔོན་གྱི་པང་བར་ཕེབས་ནས།
    མཚོ་སྔོན་གྱི་མཛེས་སྡུག་ལ་རོལ་མྱོང་བྱེད།
    དེ་སྔའི་མཚོ་སྔོན་ནི། མེས་རྒྱལ་གྱི་གཏིང་རིམ་དུ་སྦས་བའི་ལྐོག་གྱུར་གྱི་གསང་བ་སྒོམ་མཁན་ཞིག་ཡིན་ལ།
    ད་ལྟའི་མཚོ་སྔོན་ནི། འཛམ་གླིང་གི་གར་སྟེགས་ཐོག་སྐྱོད་ནས་འཆོར་སྒེག་གི་ལང་ཚོ་ངོམ་མཁན་ཞིག་ཡིན།

1574908520181319.png

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་། ཞིན་ཧྭ་དྲ་བས་སྤེལ། ལིས་འེ་མིན་གྱིས་པར་བླངས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།