ཧྲིན་ཀྲང་ལིག་ཉིང་གིས་རབ་མཛེས་མཚོ་སྔོན་འདི་ལྟར་འཛམ་གླིང་ལ་བསྒྲགས།

微信图片_20191128112211.jpg

ཧྲིན་ཀྲང་ལིག་ཉིང་།

གཅིག  མཚོ་སྔོན་ནི༼ཀྲུང་ཧྭའི་ཆུ་མཛོད༽ཡིན་པས་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་འབད་འབུངས་བྱེད་བཞིན་ཡོད།

མཚོ་སྔོན་ནི་རི་བོ་སྟོང་ཕྲག་ནོར་བུ་བཞིན་དུ་སྤུངས་ཤིང་། ཆུ་མོ་བརྒྱ་ཕྲག་དར་གོས་བཞིན་དུ་ཐགས་སུ་བཀྲས་ཡོད། འདི་རུ་མཐོ་ཞིང་བརྗིད་པའི་ཁུ་ནུ་རི་བོ་དང་མདོ་ལ་རི་བོ། གདང་ལ་རི་བོ་ཡོད་ལ། འཛམ་གླིང་གི་ཨང་གསུམ་པ། ཨང་ལྔ་པ། བདུན་པ་བཅས་ཀྱི་གྲས་སུ་ཚུད་ཡོད་པའི་འབྲི་ཆུ། རྨ་ཆུ། རྫ་ཆུ་ནི་འཁྱགས་རོམ་གྱི་སྦུབས་ནས་གྲོལ་ཞིང་། ས་གཞི་ནས་རླབས་སུ་འཕྱུར་ལ། རྨ་ནུབ་དོག་ལམ་གསོས་པའི་ནང་ལོགས་སྐམ་སའི་ཆུ་བོ་ཆེན་པོ་གསུམ་སྟེ། བར་དམ་ཆུ་བོ་དང་།  ཧྲི་དབྱང་ཆུ་བོ། ཧྲུའུ་ལི་ཆུ་བོ་བཅས་ཀྱང་འདི་ནས་བྱུང་ཞིང་། འདིར་ད་དུང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི6.03ཡོད་ལ། ཀྲུང་གོའི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཨ་ཆེན་གངས་རྒྱབ་ཡོད། ཁྱེད་ཉིད་མཚོ་སྔོན་དུ་ཕེབས་ན། ༼ འཛམ་གླིང་དག་ཞིང ༽གི་དག་གཙང་གི་མཛེས་སྡུག་དང་། རང་བྱུང་ཁམས་ལ་བརྩེ་བ་གླན་པའི་ས་མཐོའི་སེམས་ཚོར་མྱངས་ཐུབ། ང་ཚོས་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་ལ་བརྩི་འཇོག་དང་། ༼འཛམ་གླིང་གི་ཡང་རྩེ༽རང་བྱུང་སྐྱེ་ཁམས་ལ་སེམས་ཁུར་དང་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། རི་ཆུ་ནགས་ཞིང་མཚེའུ་རྩྭའི་མ་ལག་བཅོས་སྐྱོང་བྱ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཐོག་མ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལེགས་སྒྲུབ་བྱས་པ་མ་ཟད༼ཟི་ལིང་གཅིག་མཐུན༽གྲུབ་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཀའ་གནད་ལ་ངོས་འཛིན་དང་ཁ་གཏད་འཇལ་བར། མཉམ་གཅིག་ཏུ་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རྩལ་རྒྱུག་ཐེངས་གཉིས་པ་སྤེལ་ནས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཕྱུགས་དོར་རྩྭ་འདེབས། མཚེའུ་དང་བརླན་ས་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་ལག་བསྟར་བྱས་ཏེ། མཁའ་དབུགས་དང་། ཆུ། ས་གཤིས་བཅས་སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་ལས་ཀ་མཐའ་གཅིག་ཏུ་ལེགས་པར་བསྒྲུབས་ནས། གཙང་གསུམ་འབྱུང་ཡུལ་ནས་མཚེའུ་སྟོང་གི་མཛེས་ལྗོངས་བསྐྱར་དུ་མངོན་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་གཞན་དུ་བཞུར་བའི་ཆུའི་སྤུས་ཚད་བརྟན་པོའི་ངང་རིགསIIཡན་དུ་གནས་པ་དང་། མཁའ་རླུང་གི་སྤུས་ཚད་བཟང་པོའི་ཉིན་གྲངས་བསྡུར་ཚད95%ལས་བརྒལ་ཡོད།ང་ཚོས་ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བྱེད་བཞིན་ཡོད་ལ། རང་བྱུང་སྐྱེ་ཁམས་སྡེ་ཚན་དང་མིའི་རིགས་ཀྱི་སྤྱི་ཚོགས་དོ་དམ་སྡེ་ཚན་བར་མཉམ་ལས་དང་། རང་བྱུང་སྐྱེ་ཁམས་ཀྱི་ཐེག་ནུས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཐོན་སྐྱེད་ནུས་ཤུགས་མཐུན་སྦྱོར་ཡོང་བ་མངོན་འགྱུར་འབྱུང་བར་འབད་འབུངས་བྱེད་བཞིན་ཡོདཔས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན།

微信图片_20191128112218.jpg

微信图片_20191128112223.jpg

གཉིས། མཚོ་སྔོན་ནི༼རེ་བའི་ཐང་ཆེན༽ཡིན་པས་ང་ཚོས་ལྗང་མདོག་གི་ཚད་མཐོའི་གོང་འཕེལ་ལ་འབད་བརྩོན་བྱེད་ཀྱིན་ཡོད།

མཚོ་སྔོན་གྱི་མངའ་ཁོངས་རྒྱ་ཆེ་ཞིང་རེ་བས་ཁེངས་ཡོད། འདི་རུ་གནམ་གཤིས་བསིལ་མོ་མི་རུ་འཕྲོད་ཅིང་། ཉིན་རེའི་ཆ་སྙོམས་དམའ་ཤོས་དང་ཆེས་མཐོའི་དྲོད་ཚད་ནི-1℃་དང15℃ཙམ་ཡིན་པས། འཛམ་གླིང་གི་སྤྱི་གནོད་མེད་པའི་ས་ཁུལ་ཆེན་པོ་བཞིའི་གྲས་ཤིག་ཡིན་པ་དང་། གནམ་གཤིས་དང་ས་ཁམས་ཀྱི་ལེགས་ཆ་མངོན་གསལ་ཡིན། ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་བ་དམ་པོ་ཡོད་པ་དང་།  མི་རིགས་སྣ་ཚོགས། རིག་གནས་སྣ་མང་། ཆོས་ལུགས་ཡར་རྒྱས། རིག་གནས་དང་ས་ཁོངས་ཀྱི་ལེགས་ཆར་ཐུན་མིན་གྱི་ཁྱད་ཆོས་ལྡན། འཛམ་གླིང་སྟེང་གི་རྒྱ་ཁྱོན་ཆེས་ཆེ་བའི་གྲང་ཆེའི་མཐོ་སྒང་དང་། གྲང་ཆེའི་རྩྭ་ཐང་། ནགས་ཕྲན་ནགས་ཚལ་སོགས་སྐྱེ་ཁམས་མ་ལག་ཡོད་པས། ཆུ་རླུང་འོད་ཚའི་ཐོན་ཁུངས་ཕུན་སུམ་ཚོགས་ལ། སྐྱེ་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆ་འབུར་ཐོན་ཡིན། ང་ཚོས་སྤྱིའི་བྱ་ལས་བརྟན་འཕེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་གླིང་དང་། ནུས་ཁུངས་གཙང་མ། སྐྱེ་ལྡན་ཕྱུགས་རིགས་ཐོན་རྫས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐོ་སྒང་གི་མཛེས་པའི་མཁར་གྲོང་བཅས༼དཔེ་སྟོན་ཞིང་ཆེན་ལྔ༽མྱུར་མོར་འཛུགས་སྐྲུན་བྱེད་བཞིན་ཡོད།  དེའི་ནང་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་ཧུར་ཐག་བྱས་ཏེ། ནུས་ཁུངས་གཙང་མའི་འཕྲུལ་ཆས་ཀྱིས་སྤྱིའི་ཤོང་ཚད་ལས་བརྒྱ་ཆའི87%ཟིན་ཡོད་པ་དང་། ༼ལྗང་གློག་ཉིན15༽ཡིས་ནུས་ཁུངས་གཙང་མའི་གློག་འདོན་སྤྲོད་བྱས་པའི་འཛམ་གླིང་གི་ཟིན་ཐོ་ཡང་བསྐྱར་བསྐྲུན། སྐྱེ་ལྡན་ཕྱུགས་རིགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད། རྫས་ལུད་སྨན་རྫས་ཉུང་འཕྲི་དང་ཕན་འབྲས་ཆེ་རུ་གཏོང་བའི་ཚོད་ལྟ་བྱེད་གནས་མུའུ་ཁྲི114ལེགས་སྒྲུབ་བྱས་ཏེ། རྫས་ལུད་ཀྱི་ཞིང་སྨན་སྤྱོད་ཚད་སོ་སོར24.4%དང21.3%ཇེ་ཉུང་དུ་བཏང་ཡོད། ང་ཚོས་སྐྱེ་ཁམས་དང་། རྒྱུན་འཁོར། གྲངས་ཀ  འཕུར་སྐྱོད་བཅས༼དཔལ་འབྱོར་རྣམ་པ་བཞི༽ཕྱོགས་སྟོན་དུ་བྱེད་པའི་གྲུབ་ཚུལ་སོགས་རིགས་སྒྱུར་ཇེ་མགྱོགས་སུ་བཏང་ཡོད། དེའི་ནང་རེས་འཁོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ལིས་གློག་དང་འོད་ཤུགས་སོགས་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་ཐག12འཛུགས་སྐྲུན་བྱས་ཏེ། འཁོར་རྒྱུག་བཟོ་ལས་ཀྱི་འཕར་ཐང་གི་བསྡུར་ཚད60%ཟིན་ཡོད། གྲངས་ཀའི་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་ལ་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་འཆར་དང་འཆར་འགོད་བཏོན་ནས། ས་མཐོའི་སྤྲིན་རྩིས་གཞི་གྲངས་ལྟེ་གནས་དང་། མཚོ་སྔོན་གྱི་ནུས་ཁུངས་གསར་པའི་གཞི་གྲངས་ལྟེ་གནས་སོགས་བཀོལ་སྤྱོད་ནང་ཞུགས་ཏེ། ང་ཚོས་རིམ་སྤར་དང་ལྗང་མདོག་གི་འཕེལ་རྒྱས་བྱེད་ཐབས་སྤེལ་བཞིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་བཞིན་ཡོད།

微信图片_20191128112226.jpg

微信图片_20191128112230.jpg

གསུམ། མཚོ་སྔོན་ནི༼ལས་གཉེར་ལྷ་ཡུལ༽ཡིན་པས་ང་ཚོས་སྒོ་དབྱེ་མཉམ་ལས་མཉམ་རྒྱལ་ལ་འབད་འབུངས་བྱེད་བཞིན་ཡོད།

མཚོ་སྔོན་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། བློ་དཀར་གཅེས་སྐྱོང་གི་ཡུལ་གྲུ་ཞིག་ཡིན། འདི་ནི་སྔ་མོའི་དུས་ནས་ཐང་བོད་གནའ་ལམ་དང་དར་གོས་ཚོང་ལམ་གྱི་ལྟེ་བ་ཡིན། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་ལན་ཟི་གྲོང་ཁྱེར་ཚོམ་བསྐྲུན་པར་ཧུར་ཐག་བྱེད་བཞིན་ཡོད་ལ། གཞིས་ཆགས་ལས་གཉེར་ཀྱི་རང་མདངས་མངོན་ཡོད། མཚོ་ནུབ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་གཤོང་སའི་དཔལ་འབྱོར་གྱི་གནས་བབ་བཟང་པོ་མངོན་གསལ་ཡིན་ལ་ཐོན་ལས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན། ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་ཀྱིས་གནའ་ཉམས་བབ་ཆགས་ཀྱིས་རང་མདངས་གསར་པས་དུས་རབས་ལ་འཁྱུད་ཅིང་། དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཕུལ་བ་ནི་ཆུ་མགོའི་གཙང་ཆབ་དང་། ཆུའི་ནང་གི་རྡོ་རྗེ་ཕ་ལམ་རེད། རྨ་ལྷོ་དང་མཚོ་བྱང་ཁུལ་གཉིས་སུ་ད་ལྟ་སྤྲིན་དཀར་གྱི་འོག་ཏུ་རྒྱུག་བཞིན་པ་ནི་སྐྱ་དམག་ལྟ་བུའི་མེ་འཁོར་དང་རླངས་འཁོར་ཡིན་ལ། དེ་སྔོན་གྱི་རྒྱང་རིང་ད་ལྟ་རྒྱང་ཐག་མི་རིང་།  འདི་རུ་ཚོང་བཀུར་ཚོང་བརྩེའི་ཁོར་ཡུག་བཟང་པོ་ཡོད་ལ། སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་མགྱོགས་ཞིང་སྟབས་བདེ་ཡིན་པ་དང་། ཁེ་ལས་འཛུགས་གཉེར་དུས་ཚོད་ལས་ཞུགས་ཀྱི་ཉིན5ཡི་ནང་ཡིན་བསྒྲུབ་ཐུབ། འགྲིམ་འགྲུལ་དྲ་རྒྱ་སྟབས་བདེ་ཤར་རྒྱུག་ཐུབ་པ། ལྕགས་ལམ་འཁོར་སྐྱོད་ལམ་ཐག་སྤྱི་ལེ2299དང་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི8.2སླེབས་ཡོད་ལ། དམངས་སྤྱོད་གནམ་གྲུ་ཐང་གནས་བབ་གཙོ་གཅིག་ཟུར་དྲུག་ཆགས་ཡོད་ལ། ཤེས་རིག་གི་ཡོན་ཏན་དང་བྱ་གཞག་གི་གྲུབ་འབྲས་མངོན་སའི་གནས་ལེགས་ཤོས་ཤིག་ཡིན། ང་ཚོས་ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་གྱི་ཁོར་ཡུག་ཞིག་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བྱས་ནས། རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་གལ་ཆེན་དག་ཏུ་ཞུགས་ཡོད་ལ།  རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ2019ལོའི་ཀྲུང་གོའི་དམངས་སྤྱོད་ཁེ་ལས་རྩེ་གྲས500གྲོས་ཚོགས་བསྒྲུབས་པ་མ་ཟད་མཚོ་སྔོན་གྲོས་གཞི་བཏོན་ཞིང་། རྒྱལ་སྤྱིའི་སྐམ་མཚོའི་ཚོང་དོན་གྱི་ལམ་ཆེན་གསར་བའི་གཞི་སྒྲོམ་གྲོས་མོལ་མིང་རྟགས་བཀོད་ཡོད། སྐབས18ལ་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་རྒྱལ་ཁའི་ངང་སྤེལ་ནས་འགྲན་སྡུར་རྩེ་གྲས་ཤིག་ཏུ་གྱུར་ཡོད། བསྟུད་མར་སྐབས20ལ་བསྒྲུབས་པའི་མཚོ་སྔོན་ལྗང་མདོག་གོང་འཕེལ་ཚོང་གཏམ་གྲོས་ཚོགས་ཀྱིས་རྒྱལ་ཡོངས་སམ་འཛམ་གླིང་ལ་ཟམ་པ་བཙུགས་ཡོད། ང་ཚོས་མུ་མཐུད་ནས་ཚོང་གཉེར་གྱི་ཁོར་ཡུག་ཇེ་བཟང་དང་ཚོང་རའི་ཚད་གཞི་ཇེ་དམའ་རུ་བཏང་སྟེ། རྒྱ་ཆེ་བའི་དཔྱོད་ལྡན་རྣམ་པར་དངུལ་གཏོང་ལས་སྐྲུན་དང་ཚོང་ལས་ཀྱི་གོ་སྐབས་ཡག་པོ་ཞིག་བསྐྲུན་རྒྱུ་ཡིན།

微信图片_20191128112234.jpg

微信图片_20191128112237.jpg

བཞི། མཚོ་སྔོན་ནི༼འཆམ་མཐུན་གྱི་ཁྱིམ་གཞིས༽ཡིན་པས་ང་ཚོས་མཉམ་སྐྱེ་མཉམ་སྤྱོད་ཀྱི་འགན་སྲུང་ལ་འབད་འབུངས་བྱེད་བཞིན་ཡོད།

མཚོ་སྔོན་གྱིས་རི་བོར་དད་ཅིང་ཆུ་མོ་བཀུར་ལ། སྲོལ་བཟང་སྤེལ་ཞིང་འཆམ་མཐུན་དར། འདི་རུ་གནའ་བོའི་རིག་གནས་ཀྱི་ཁུ་ནུའི་ལྷ་སྒྲུང་དང་། རྨ་ཆུ་འབྱུང་ཁུངས་ཀྱི་རྨ་ཙོང་རིག་གནས། འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་ཡོད་ཅིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་ལ། མི་རིགས་མཐུན་སྒྲིལ་སེམས་པ་གཅིག་ཏུ་མཐུན་ཡོད། མཚོ་སྔོན་དུ་སླེབས་པའི་གྲོགས་པོ་ཚང་མས་བློ་དཀར་མགྲོན་བརྩི་དང་། སེམས་པས་གྲོགས་སྒྲིག་དང་བརྩེ་བ་ཚོར་ཐུབ། ང་ཚོས་མི་དམངས་ནི་སྲོག་ཤིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཅི་ནུས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁར་བརྩོན་བཞིན་ཡོད་ལ། དབུལ་ཕོངས་འབྱུང་ཚད2012ལོའི26.4%ནས་མར་ཆག་སྟེ། ན་ནིང་གི2.5%ལ་སླེབས་ཡོད། ད་ལོར་ཚགས་བཀོད་བྱང་བཟོས་ཀྱི་དབུལ་ཕོངས་མི་སྣ་ཡོངས་རྫོགས་དབུལ་ཐར་བྱེད་པ་མངོན་འགྱུར་བྱ་རྒྱུ་ཡིན་ལ། ཤུགས་ཆེན་པོས་སློབ་གསོ་དང་། སྨན་བཅོས་སོགས་ལས་དོན་གོང་འཕེལ་དུ་བཏང་ནས། འོས་འགན་སློབ་གསོའི་གཏན་ཆགས་ཚད96.9%སླེབས་པར་བྱེད་ཅིང་། སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཐུས་ཚད་དུ་གཏོང་རྒྱུ་ཡིན། ང་ཚོས་གཏིང་ཟབ་པོར་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས། རིགས་སོ་སོའི་མི་དམངས་རྣམས་དཔལ་བེའུ་བཞིན་དུ་དམ་པོར་འཁྱུད་པར་བྱས་ཏེ། ཧུར་ཐག་གིས་མཐོ་སྒང་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས། མི་དང་མི། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཐོ་སྒང་མཛེས་པའི་མཁར་གྲོང་དཔེ་གཟུགས་བསྐྲུན་རྒྱུ་ཡིན། ང་ཚོས་རིགས་སོ་སོའི་འཇོན་མིར་སེམས་གཏིང་ནས་བརྩི་བཀུར་དང་བརྩེ་བ་ཟབ་མོ་བཅངས་ཏེ། རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་དང་ཚོང་བར་འདྲ་མཉམ་རང་བཞིན་གྱི་སྤྱི་བའི་ཞབས་ཞུ་དང་འཚོ་བའི་སྟབས་བདེ་མཁོ་སྤྲོད་བྱ་རྒྱུ་ཡིན་ལ། ང་ཚོས་ཚང་མའི་ཕྱག་ཟུང་དམ་པར་སྦྲེལ་ནས། ཕུགས་བསམ་མདུན་སྐྱོད་ཀྱིས་མཉམ་གཅིག་ཏུ་དུས་རབས་གསར་པའི་ལེའུ་གསར་བ་ཞིག་བྲི་རྒྱུའི་འདུན་པ་རབ་ཏུ་བཅངས་ཡོད། 

微信图片_20191128112240.jpg

微信图片_20191128112246.jpg

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།