རྨ་ལྷོ་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་དོན་དངོས་བསྒྲུབ་རྒྱུར་དམ་བཅའ་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐོར་ཐེངས་གཉིས་པའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བརྟན་བརླིང་ངང་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་བ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་ལ་དམིགས་ནས། སློབ་གསོ་སྤེལ་བ་འབུར་དུ་ཐོན་པར་བྱེད་པ་དང་། བསམ་འཆར་བསྡུ་ལེན་བྱེད་པ་དང་ཞིབ་ལྟ་གཏིང་ཟབ་བྱེད་པ། ཡོངས་ཁྱབ་ཏུ་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་དང་དཀའ་གནད་ཐག་གཅོད་རྒྱུ་ཁས་ལེན་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱས་པ་རེད།

རྨ་ལྷོ་ཁུལ་སྤྱིའི་བཟོ་ཚོགས་ཀྱིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དམངས་ཚིས་གནད་དོན་ལ་དམིགས་ཏེ། མ་དངུལ་སྒོར་ཁྲི3.6བཏང་ནས་འབྲེལ་འདྲིས་བྱེད་གནས་ནས་རིན་མི་ལེན་པར་གློག་དྲོད་མལ་ཁྲི་ལས་པའི་ལས་གཞི་ལག་བསྟར་བྱས་པ་དང་། རྨ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི191.6གྲབས་གསོག་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་318ནས་གེགས་མེད་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས། རེབ་གོང་རྫོང་གིས་ཧོར་ནག་ཞང་གི་མང་ཚོགས་ཀྱི་འཐུང་ཆུ་དཀོན་པའི་གནད་དོན་ལ་གཞིགས་ཏེ། མ་དངུལ་སྒོར་ཁྲི1150བརྩོན་ལེན་བྱས་ནས་ཧོར་ནག་ཞང་གི་དབུལ་ཕོངས་སྡེ་བའི་མི་ཕྱུགས་ཀྱི་འཐུང་ཆུ་བདེ་འཇགས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ཆུ་ཁོག་ཞང་ཀོའུ་སྡེ་སྡེ་བར་དངུལ་རྩའི་དབུལ་སྐྱོར་ལས་གཞིའི་མ་དངུལ་སྒོརཁྲི580བརྒྱུད་བརྩོན་ལེན་བྱས། མང་ཚོགས་ཀྱི་ནད་སྟོན་དཀའ་བའི་དཀའ་གནད་ཐག་གཅོད་ཆེད། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས། རེབ་གོང་རྫོང་མི་དམངས་སྨན་ཁང་བཙུགས་པ་རེད།

བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱ་ཆེད། རྨ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོ་མཇུག་བསྒྲིལ་བའི་སྔོན་དུ་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་སོ་སོས་ཉུང་མཐར་ཡང་འབུར་ཐོན་གནད་དོན3ལེགས་བསྒྱུར་ཐག་གཅོད་བྱེད་དགོས་པ་དང་། གཞི་རིམ་ཏང་ཀྲི་པུའུ་ཡིས་ཉུང་མཐར་ཡང་འབུར་ཐོན་གནད་དོན2ལེགས་བསྒྱུར་ཐག་གཅོད་བྱེད་དགོས་པ་གཏན་ཁེལ་བྱས། ད་ལྟ། རྨ་ལྷོ་ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་རྫོང་བཞི། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་གིས་དམངས་ཚིས་སོགས་དང་འབྲེལ་བའི་གནད་དོན213ཐད་ནས། སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དམ་བཅའ་བཞག་པ་དང་། ཡོངས་ཁྱབ་ཏུ་དག་ཐེར་ལེགས་བཅོས་བྱེད་རྒྱུའི་དམ་བཅའ་འཇོག་པ་བརྒྱུད་དེ། ལས་ཁུངས་སོ་སོས་གཏན་ཁེལ་བྱས་པའི་དུས་ཚོད་ནང་གཞི་རིམ་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་པར་སྐུལ་འདེད་བཏང་བ་མ་ཟད། རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོའི་ཁྱེར་ཡོང་བའི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་པར་བྱས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།